Lyrics: TMJ
Music: TMJ
Arranger: TMJ
༼ གངས།༽
དམེ་ལྕེ།
གངས། ཞོགས་པའི་སྐྱ་རིང་ཁྱེད་ཀྱི་རེ་སྨོན།
གངས། ཁ་བའི་འདབ་མ་ཁྱེད་ཀྱི་མིག་ཆུ།
གངས། རྒྱང་ལྟ་བྱེད་བཞིན་སུ་ལ་སྒུག་ཡོད།
གངས།
སེང་། ཁྱོད་ནི་ནམ་ཡང་གངས་ཀྱི་སྲས་པོ།
སེང་། གང་དུ་སོང་རུང་གངས་རི་མ་བརྗེད།
སེང་། ལམ་ཐག་རིང་ཡང་ཕྱིར་ལ་ཕེབས་རོགས།
སེང་།
Do you remember?
འདས་ཟིན་པའི་ལོ་ཟླ་དེ་དག་དྲན་ནམ།
རི་ཆུ་སྟོང་ཕྲག་རྒལ་ནས་གང་ལ་སོང་ངམ།
སྨོན་པའི་དོན་ཀུན་འདི་དག་འགྲུབ་དམ།
ང་། གངས་འདབས་སྐྱེས་བས་བུ་ཆ་ང་རང་།
ང་། ནམ་ཡང་ཁྱེད་ལ་གསོལ་བ་འདེབས་བཞིན།
ང་། དྲན་པའི་གླུ་ཆུང་ཁྱེད་ལ་ལེན་ཡོད།
ང་།
&
གངས། ཚང་དབྱངས་རྒྱ་མཚོའི་མགུར་གྱི་རྣམ་ཤེས།
སེང་། རྨ་རྒྱལ་སྦོམ་ར་ཁྱོད་ཀྱི་བླ་རི།
སེང་། ཁྲི་ཤོར་རྒྱལ་མོ་ཁྱོད་ཀྱི་བླ་མཚོ་།
སེང་།
སེམས་ཅན་བདེ་དང་ལྡན་གྱུར་ཅིག
སྡུག་བསྔལ་ཀུན་དང་བྲལ་བར་ཤོག
བདེ་དང་རྟག་དུ་མི་འབྲལ་ཞིང་།
ཆོས་ཀུན་བཏང་སྙོམས་ལ་གནས་ཤོག
གངས། ཞོགས་པའི་སྐྱ་རིང་ཁྱེད་ཀྱི་རེ་སྨོན།
གངས། ཁ་བའི་འདབ་མ་ཁྱེད་ཀྱི་མིག་ཆུ།
གངས། རྒྱང་ལྟ་བྱེད་བཞིན་སུ་ལ་སྒུག་ཡོད།
གངས།
སེང་། ཁྱོད་ནི་ནམ་ཡང་གངས་ཀྱི་སྲས་པོ།
སེང་། གང་དུ་སོང་རུང་གངས་རི་མ་བརྗེད།
སེང་། ལམ་ཐག་རིང་ཡང་ཕྱིར་ལ་ཕེབས་རོགས།
གངས་སེང་།