Lyrics: 东克
Music: 赞丹罗马
རྔ་བ་སྔོན་མོ་ནས་རེད།
ནས་འབྲུ་དྲུག་སེར་པོ་གསེར་རེད།
གསེར་སེར་པོའི་སྙེ་མའི་ནང་གི
ཨ་ཅག་རྔ་བཟའི་སྐྱིད་ལ་གཟིགས་དང་།
ལུས་ནི་ཚིག་དྲུག་སྨྱུག་མ་འདྲ་ལེ་ཞབས་བྲོ་ལྡེམ་ལྡེམ་རྡུང་།
ཞལ་རས་དཀར་གསལ་ཟླ་བ་འདྲ་ལེ་བརྩེ་བའི་འཛུམ་དམུལ་དམུལ།
ལུས་ནི་ཚིག་དྲུག་སྨྱུག་མ་འདྲ་ལེ་ཞབས་བྲོ་ལྡེམ་ལྡེམ་རྡུང་།
ཞལ་རས་དཀར་གསལ་ཟླ་བ་འདྲ་ལེ་བརྩེ་བའི་འཛུམ་དམུལ་དམུལ།
རི་མཐོ། ས་གཙང་།
རི་མཐོ། ས་གཙང་།
རྔ་ཀླུང་རིང་མོ་དལ་གྱིས་འབབ་པའི་ས་ཆ་འདི།
ཨ་མདོ་ཤར་གྱི་རྔ་གཡང་ཕྱུག་མོ་རེད།
རྔ་བ་ཚོང་པའི་ཡུལ་རེད།
ཚོང་ལམ་བཟང་དགེ་བའི་ལས་རེད།
ས་ཕྱོགས་བཞི་ཁྲོམ་པའི་ནང་གི
ཨ་ཕོ་རྔ་བའི་ཚོང་པར་གཟིགས་དང་།
ལས་དང་རྒྱུ་འབྲས་མིག་དང་འདྲ་ལེ་དྲང་མོར་སྲུང་དང་སྲུང་།
དགེ་བའི་ལས་འདི་རང་དང་འདྲ་ལེ་སྦྱིན་པ་གཏོང་དང་གཏོང་།
ལས་དང་རྒྱུ་འབྲས་མིག་དང་འདྲ་ལེ་དྲང་མོར་སྲུང་དང་སྲུང་།
དགེ་བའི་ལས་འདི་རང་དང་འདྲ་ལེ་སྦྱིན་པ་གཏོང་དང་གཏོང་།
བཀྲ་ཤིས། དོན་འགྲུབ།
དོན་འགྲུབ། བཀྲ་ཤིས།
ཚོང་དང་འབྱོར་བ་དབྱར་མཚོ་རྒྱས་པའི་ས་ཆ་འདི།
ཨ་མདོ་ཤར་གྱི་རྔ་གཡང་ཕྱུག་མོ་རེད།
རྔ་ཡུལ་ཐང་གསུམ་འབྲོག་རེད།
འབྲོག་རྟ་ནོར་ལུག་གསུམ་གཡང་རེད།
གཡང་དཀར་པོ་ལྷས་རའི་ནང་གི
འབྲོག་ཕྲུག་བསོད་ནམས་ཅན་ལ་གཟིགས་དང་།
ལུས་ནི་དམར་ཡག་སྟག་དང་འདྲ་ལེ་རྩལ་དྲུག་ངོམ་དང་ངོམ།
གཤིས་རྒྱུད་དྲང་མོ་མདའ་དང་འདྲ་ལེ་ཁ་ཁོག་དྲང་སེ་དྲང་།
མྱི་བཟང་། རྟ་ཡག
རྟ་ཡག མྱི་བཟང་།
རི་ལུང་ཐང་གསུམ་རྩྭ་ཆུ་འཛོམ་པའི་ས་ཆ་འདི།
ཨ་མདོ་ཤར་གྱི་རྔ་གཡང་ཕྱུག་མོ་རེད།