Lyrics: Dardo4vages/KN小布
Music: Dardo4vages/KN小布
Arranger: 多芬DolBeatz
ལོ་སར། ལོ་སར།
ལོ་སར་གཡང་གི་བཀྲ་ཤིས་འབོད།
ལོ་སར། ལོ་སར།
ལོ་སར་ཟས་ཀྱི་སྟོན་མོ་སྒྲིག
ལོ་སར། ལོ་སར།
ལོ་སར་གླུ་ཡི་མཆོད་པ་འབུལ།
ལོ་སར། ལོ་སར།
ལོ་སར་མཉམ་འཛོམས་རྟེན་འབྲེལ་འགྲིག
གནམ་ལོ་གསར་ཚེས་ལ་བཀྲ་ཤིས་ཤོག
བོད་ཀྱི་ལོ་སར་ལ་ཕུན་སུམ་ཚོགས།
དགའ་ཉེ་དང་སྤུན་མཆེད་ཚོ་མཉམ་དུ་འཛོམས།
རྟེན་འབྲེལ་གྱི་གླུ་དབྱངས་དེ་ཁྱེད་ཚོར་འབུལ།
དེ་རིང་ཉིན་མོ་དེ་དགའ་ལྷང་ལྷང་།
ང་ཚོ་མཉམ་རུག་དུས་ཚ་སུབ་སུབ།
བོད་ལྭ་དེ་གཙང་མ་ཟིིག་གོན་ནས་འོང་།
བཀྲ་ཤིས་པའི་མཇལ་དར་དེ་མགྲོན་ལ་འབུལ།
ལོ་སར། ལོ་སར།
ལོ་སར་གཡང་གི་བཀྲ་ཤིས་འབོད།
ལོ་སར། ལོ་སར།
ལོ་སར་ཟས་ཀྱི་སྟོན་མོ་སྒྲིག
ལོ་སར། ལོ་སར།
ལོ་སར་གླུ་ཡི་མཆོད་པ་འབུལ།
ལོ་སར། ལོ་སར།
ལོ་སར་མཉམ་འཛོམས་རྟེན་འབྲེལ་འགྲིག
དགའ་དགའ། གཟི་བྱུ་རུས་བརྒྱན། བརྒྱན་ གཟབ་སྤྲོད་དེ་སྤྲད།
ཞོགས་པ་སྔ་པོ་ལངས་ནས་མགྲོན་ལ་ཡོང་།
ཁྱེད་རང་ནི་འཛུམ་གྱིས་བསུ་བཞིན་ཁྱིམ་ལ་ཕེབས་ཡོང་།
ཡར་འཛུལ་ནས་བྲོ་སོ་ཕྱེ་མར་མཆོད།
ཡིད་དགའ་བའི་ཞབས་བྲོ་དེ་འཁྲབ་འཁྲབ།
སེམས་དགའ་བའི་གླུ་དབྱངས་དེ་ལེན་ལེན།
བཀྲ་ཤིས་པའི་ལོ་སར་ཉིན་མོ་ལ།
ཤར་མར་ཐུད་གསུམ་གྱི་ཟས་སྣ་སྒྲིག
དེ་རིང་ཁ་གཡང་གི་རྟེན་འབྲེལ་འགྲིག
མི་ལ་ན་ནད་མེད་པར་ཤོག
ཚེ་ལ་བར་ཆད་མེད་པར་ཤོག
བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག
ལོ་གཅིག་འཁོར་ཚར་དུས་འགྱུར་བ་མེད་ན་རྡོ་རེད།
དཀའ་སྡུག་མདུན་ལ་ཕྱིར་ནུད་མེད་ན་ཕོ་རེད།
དཀར་ཟས་ནང་གི་དྭངས་རྩེ་དེ་ཞོ་རེད།
ཡར་འགྲོའི་མི་ལ་རླུང་རྟ་དེ་མཐོ་རེད།
འཛོམས་པ་དེ་ཡག་མོ། སྤུ་ཟླ་ཚོ་དགའ་མོ།
ལོ་ཆུ་ལེན་འགྲོ་དུས་ཨ་མའི་རྒྱབ་གཟུགས་མཛེས་ཆེ།
བཀྲ་ཤིས་སྨོན་ཚིག་དེ་ཨ་ཕའི་ངག་ནས་སྙན་ཆེ།
བསོད་ནམས་ཁ་བ་འབབ་འབབ་ང་ཚོའི་ལོ་སར་སྤྲོ་ཆེ།
ལོ་སར། ལོ་སར།
ལོ་སར་གཡང་གི་བཀྲ་ཤིས་འབོད།
ལོ་སར། ལོ་སར།
ལོ་སར་ཟས་ཀྱི་སྟོན་མོ་སྒྲིག
ལོ་སར། ལོ་སར།
ལོ་སར་གླུ་ཡི་མཆོད་པ་འབུལ།
ལོ་སར། ལོ་སར།
ལོ་སར་མཉམ་འཛོམས་རྟེན་འབྲེལ་འགྲིག
དེ་རིང་བཀྲ་ཤིས་ཉི་མ་ལ།
གནམ་ལ་འཁོར་ལོ་རྩེ་དགུ་འཁོར།
ས་ལ་པད་མ་འདབ་བརྒྱད་བཞད།
བར་ལ་བཀྲ་ཤིས་རྟགས་བརྒྱད་ཤར།
ཕ་མ་རྒན་རབས་སྐུ་ཚེ་རིང་བའི་ལོ་སར་བཟང་།
བྱིས་པ་ཕྲུག་གུ་བློ་རིག་བཀྲ་བའི་ལོ་སར་བཟང་།
ཕོ་གཞོན་མོ་གཞོན་ལང་ཚོ་དར་བའི་ལོ་སར་བཟང་།
མདོ་དབུས་ཁམས་གསུམ་སྤུན་ཟླ་ཡོངས་ལ་ལོ་སར་བཟང་།
Yo ང་ཚོའི་མིང་ལ་No cap སྒོ་ཁ་ལངས་ནས་སྒུག་མི་འདུག གོ་སྐབས་ཚང་མ་འཁྱུག་མི་བཅུག ལས་ཀ་ལས་ན་གཞུག་ཡོད་རེད།
དེ་རིང་ང་ཚོའི་ལོ་སར་གླུ་དབྱངས་དང་པོ་དྲིན་ཆེན་ཕ་མ་འབུལ། གཉིས་པ་གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་ཕ་ས་ཁྱེད་ལ་འབུལ།
གངས་ལྗོངས་ས་མཐོའི་དོ་རེའི་ནང་ནས་བྲོ་ར་ཡག་མོའི་གར་སྟབས་མཛེས་སོང་།ལོ་སར་གར་སྟེགས་ཆེན་མོའི་སྟེང་ནས་འགྱུར་ཁུག་སྙན་མོ་རྣ་བར་སྙན་སོང་།
དུས་རབས་གསར་པ། བསམ་བློ་གསར་པ། གངས་ལྗོངས་གཞོན་ནུ་མདུན་ལམ་གསར་པ། གཞས་མ་གཏམ་གྱི་ལམ་ཁ་གསར་པ། ང་ཚོའི་མི་ཚེ་འོད་སྟོང་འབར་བ།
བཀྲ་ཤིས་སྤེན་པ་ཚང་མ་སླེབས་གདའ་ང་ཚོ་ཚང་མས་དགའ་སྐྱིད་ལྡན་པའི་གླུ་དབྱངས་ཞབས་བྲོ་འཁྲབ་བཞིན་འཁྲབ་བཞིན་གནམ་ལོ་གསར་པ་བསུ་རུ་འགྲོ
སྐྱ་རེངས་ཤར་དུས་མལ་ལས་ལངས་ཏེ་ཆུ་ཕོད་དང་པོ་དགུང་ལ་ཕུལ། འགའ་ཉེ་སྤུན་མཆེད་ཚང་མས་བཀྲ་ཤིས་གནམ་ལོ་གསར་ཚེས་འཛུམ་གྱིས་བསུ།
བཀྲ་ཤིས་པའི་ཁ་བཏགས་དཀར་པོ་ང་ཡིས་ཁྱེད་ལ་འབུལ།རང་དགའ་བའི་མི་དང་མཉམ་དུ་དགའ་སྐྱིད་ལོ་སར་བསུ།
མཛའ་བརྩེ་ལྡན་པའི་བོད་རིགས་སྤུན་ཟླ་ཚང་མ་ལོ་སར་བཀྲ་ཤིས་བདེ་ལེགས། ཤིང་སྦྲུལ་ལོ་ལ་ནད་མེད་ཚེ་རིང་ཁྱིམ་ཚང་འཆམ་མཐུན་བཀྲ་ཤིས་བདེ་ལེགས
@NoCapGang