Lyrics: DhunNyi
Music: DhunNyi
Arranger: EVO MUSIC
Prod by EVO MUSIC
Recording: 都成HIPHOP
Mixing: 都成HIPHOP
࿑ བ་ཆེན་ཁ་སྐད་freestyle
Verse 1 :
ཟླ་བ་ཡ་གཅིག་གནམ་དགུང་ལ་གཟིམ།
འདས་སོང་མང་པོ་སེམས་ནང་ལ་བཙེམ།
སྐབས་རེ་མུན་ནག་གི་ནང་དུ་འཕག་ཚག་རྒྱག
སྐབས་རེ་ཉི་མའི་འོག་ལ་མིད་པ་དེ་འགག
སྐབས་རེ་རང་གིས་རང་ཐར་པ་མི་གཏོང་།
དོན་མེད་ས་ལ་ཚགས་༼ཚེགས་༽ ཇ་དེ་འཁྱག རྨ་དེ་རྣག
བགེགས་དང་བར་ཆད་མང་བའི་བར་སྣང་གི་སྤྲིན་པ་ང་།
དྲན་སེམས་ཀྱི་ཤེལ་སྒོ་ཆག་མ་ཐུབ།
བརྩེ་དུང་གི་སྟོང་ཆ་ཁ་སྐོང་།
འཁོར་བ་བཟུང་བའི་བཟའ་ཚང་མང་པོས་ལན་མ་ཕོག (རྒྱ་ལ་ཆེན།)
གནས་ལུགས་ནི་ཞར་ལོང་འོན་ལྐུག
ན་ཟུག་ནང་འཚར་ལོངས་བྱུང་ཡོད།
མུན་པའི་སྒེའུ་ཡོལ་ཕྱེ་འདུག་ནས།
འོད་ཟེར་འདྲེན་མཁན་རང་། (ངོ་མ་རེད།)
ཉིན་ནས་སང་ཉིན་སྒུག
བར་སྣང་ལ་གློག་འཁྱུག
རླུང་གི་ནང་དུ་དར་ལྕོག་གཡུག
འགྲུབ་རྒྱུ་མེད་ལེའི་སྡུག
ངས་ནམ་མཁའི་བྱ་དེའི་གཤོག་སྣེ་ལ་ཐག་རིང་འཇའ་ལ་ཡི་གེ་བསྐུར།
ཤོག་བུ་སྟེང་ལ་བྲག་ཅ་གོ
སྨྱུག་གུའི་ཁ་ནས་གོམ་པ་སྤོ།
ང་དང་ངུག་གི་༼ང་ཡི་༽གྲིབ་ནག་ཤོང་སའི་པར་སྒྲོམ་ཆ་གཅིག་ཉོ།
ངའི་སྙན་ངག་གི་རྒྱན་ནང་དུ་ང་རང་གང་ནས་འོང་ལེའི་རྗེས་དོད།
འགྲོ་བ་རིགས་དྲུག་ཕན་ཐོག་ཆེད་དུ་རིན་པོ་ཆེན་གྱིས་གཟན་བསྣམ།
འཚོ་གནས་ཀྱི་གདན་ཐོག་ལ་ང་ཚོས་རང་གཞན་གཉིས་ཕན་ཐོག་དགོས།
དྲག་ཤུགས་ཀྱིས་བཙན་གནོན་ན་ཡུལ་སྡེའི་ཁྱིམ་ཚང་ལ་མཛེས་མི་གདའ།
གང་ལྟར་དྲི་བ་མང་པོ་ཟིག་ལན་མི་གདའ་མི་གཞན་ལ་ཁེན་མི་འདུག
ངས་ཐ་མག་རྐང་གཅིག་འཐེན་འདུག་ནས་ལམ་ཟུར་ལ་མན་གསོ།
verse 2:
ངའི་སྙིང་གི་རྒྱ་སེ་མེ་ཏོག
ངེད་གཉིས་ཁ་སྲེ་༼ཁ་བརྡ་༽མི་གདའ།
ངའི་རྩ་ལ་ལྭ་ཚེ་༼ཨ་སོབ་༽ཟིག༼ཞིག༽
དེས་ང་ལ་མཛའ་བརྩེ་ཟབ།
ཁེར་རྐྱང་གི་མར་མེ་དེ་རླུང་ནང་ལ་འབར་ལེ།
ཞེ་སྡང་གི་སྟ་རེ་དེ་ད་བར་ཕྱར་ལེ།
མདང་གི་གཉིད་དེ་ནམ་སྨད་ལ་སད།
ངུག་གི་༼ང་ཡི་༽ཡིད་ལ་ཁྱོད་གློ་ལ་༼འགྲམ་ལ་༽བསྡད།
ད་ང་ལམ་དེ་རྙེང་ཐེས༼ཐལ་༽
མིག་གཉིས་འཕྱེད་མེད།
ཕུགས་བསམ་ལ་ལུད་བརྒྱབ།
འཚོ་བ་ལ་ཤེད་གཡུགས།
ཁ་རྩང་༼ཁར་སང་༽གི་ངོ་ཚ་དྲན་དུས་ངུག་ངུག་༼རང་གིས་རང་༽བགད་ཤོར།
ས་སྟེང་གི་མི་གསེང་ལ་ང་ཁེར་རུ་མ་བསྣད་བསྡད།
ཡཱ། ཁེར་སི་མི་གདའ་སེམས་ནང་གི་རྨ་ཁ་ཚང་མ་གཞས་ལ་འབྲི། རྒྱན་ལ་འཇོག
རྒྱལ་ཁ་སུ་ལ་ཐོབ་གདའ་ངེད་ཅག་རྗེས་ལ་བལྟ།
ངའི་སྙིང་གི་སྟེང་ལ་སེར་ར་བརྒྱབ་ན་ཚིག་གི་ནང་དོན་གསེར་ལས་དཀོན།
མིའི་ཁ་ནས་མཛའ་མོ་བཤད་ན་མ་བཤད་འགྲོ་སའི་ལམ་ཁ་འཛེར་གྱིས་གང་།
Feel my slou boy ངོ་མ་ལུགས།
འགྲོ་དུས་གཟུགས་པོ་ཡོ་མ་འདུག
Some one tell me ཕོ་མ་ཚར།
འོ་ན་ངས་བལྟས་ན་ཁོ་ཚོ་ཆོ་མི་གདའ།