Lyrics: Dardo4vages Music: Dardo4vages Arranger: Dardo4vages HOOK: babyབུ་མོ་ལགས། བུ་མོ་ལགས། ཁྱོད་ནི་ང་ཡི་སེམས་ནང་བསུབ་ཐབས་མེད་པའི་རི་མོ་ཞིག babyབུ་མོ་ལགས། བུ་མོ་ལགས། མཛེས་སྡུག་ཡིད་འོང་འཕྲོག་པའི་བུ་མོ་ཁྱོད་ནི་མེ་ཏོག་འདྲ། babyབུ་མོ་ལགས། བུ་མོ་ལགས། ཁྱོད་དང་ང་གཉིས་ཀྱི་ལས་དབང་བར་ཆད་མེད་པའི་སྨོན་ལམ་འདེབས། babyབུ་མོ་ལགས། བུ་མོ་ལགས། མཉམ་དུ་འདས་ཟིན་པའི་ལོ་ཟླ་དེ་ཚོ་ནམ་ཡང་བརྗེད་ཐབས་མེད།
DARDO4VAGES: ངའི་སེམས་ནང་གི་མེ་ཏོག་ཆུང་ཆུང་ཁྱོད་ཐག་རིང་ཡུལ་མ་འགྲོ་རོགས། ལས་དབང་གི་བར་ཐག་ཐུང་ཐུང་དེ་མི་འགྱུར་གྱི་བརྩེ་དུང་རྡོ་རྗེ་མཁྲེགས། ཐག་རིང་གི་ཡུལ་གྱི་ཁྲུང་ཁྲུང་དེ་ངེད་གཉིས་པོ་འཛོམས་ས་ནག་ཆུ་ཁ། མཚན་མོ་ཡི་ཆར་སེར་ལྷུང་ལྷུང་ཁྲོད་སེམས་པ་དེ་ཤོར་ས་ཁྱོད་ཀྱི་ཕྱོགས། ངས་མེད། ངས་མེད། ཁྱོད་ཀྱི་འཛུམ་མདངས་ང་ཡི་ནམ་ཡང་བརྗེད་མེད་ ཁྱོད་ཀྱི་ཞལ་རས་ in my mind ངས་མེད། ངས་མེད། ཁ་པར་ནང་ནས་བཤད་པའི་སྐད་ཆ་ཁྱོད་ཀྱིས་འགྲམ་དུ་བཤད་ན་དགའ་བ་ལ།
Dun9baby: སོང་ཚར་ལེའི་ངེད་གཉིས་ཀྱི་ལོ་ཟླ་དེ་རྨི་ལམ་འདྲ། ཨོ་འདྲ། ངེད་གཉིས་སོང་ཚར་ལེའི་ཡུལ་ལ་འཇའ་མཚོན་ཤར། ཨོ་ཤར། ཁ་བ་དེ་བབས་ཐལ། ངས་ཁྱེད་རང་དྲན་བའི་དུས་ཡུན་རིང་། དུས་ཡུན་རིང་། དཀའ་སྡུག་ནི་ཡོད་ཀྱང་། རང་དགའ་བའི་ལམ་དེ་བརྗེད་མ་ཆུགས། བརྗེད་མ་ཆུགས། རྒྱང་རིང་། གངས་རི། སྤང་ལྗོངས། ང་ལ་དབང་བའི་གངས་ལྗོངས། མེ་ཏོག་དམར་པོའི་རྨི་ལམ་དེ་འདྲ་མིན་སྣ་ཚོགས་མང་པོ། ཁྱོད་ཀྱི་རྨི་ལམ་ང་མིན་ཡང་། ང་ཡི་རེ་བ་ཁྱོད་མིན། ཁེར་མ་འགྲོ་རྒྱུ་གོམས་གདའ་ཡ། འཇའ་མཚོན་དེ་ཡང་ཤར་འདའ
HOOK: babyབུ་མོ་ལགས། བུ་མོ་ལགས། ཁྱོད་ནི་ང་ཡི་སེམས་ནང་བསུབ་ཐབས་མེད་པའི་རི་མོ་ཞིག babyབུ་མོ་ལགས། བུ་མོ་ལགས། མཛེས་སྡུག་ཡིད་འོང་འཕྲོག་པའི་བུ་མོ་ཁྱོད་ནི་མེ་ཏོག་འདྲ། babyབུ་མོ་ལགས། བུ་མོ་ལགས། ཁྱོད་དང་ང་གཉིས་ཀྱི་ལས་དབང་བར་ཆད་མེད་པའི་སྨོན་ལམ་འདེབས། babyབུ་མོ་ལགས། བུ་མོ་ལགས། མཉམ་དུ་འདས་ཟིན་པའི་ལོ་ཟླ་དེ་ཚོ་ནམ་ཡང་བརྗེད་ཐབས་མེད།