Lyrics: 林秋 Music: 林秋 Arranger: 林秋 གཅེས་མ། 吉玛
ཡེ་རི་གླུ་སང་སང་ལེན།  亚日唱一首歌 བརྩེ་བའི་གླུ་ཞིག་ལེན།  唱一首情歌
ལྷ་སའི་བར་སྐོར་ནང་ནས་འཕྲད་པའི་འཛུམས་གཅེས་བུ་མོ། 拉萨八廓街遇见姑娘 མིག་ཟུང་ཀེམ་ཀེམ་གཡོ་བས་བུ་ངའི་སེམས་པ་འཕྲོག་སོང་།  双眼炯炯的迷入了我的心 འཁྱམས་པོའི་གླུ་བ་ང་རང་ཁྱེད་དང་འདྲིས་ན་ཨེ་ཆོག  流浪的我和你共度余吗 སེམས་ཀྱི་རྩྭ་ཐང་སྟེང་དུ་ཁྱེད་རང་ཕེབས་ན་ཨེ་ཆོག  你可以到我身边吗 ཁྱེད་རང་ཕེབས་ན་ཨེ་ཆོག 可以到我身边吗 དགའ་བའི་འཛུམས་གཅེས་ལོ་ལོ། 我心爱的姑娘 སྙིང་གཏམ་གླུ་ཡི་མཆོད་པ། 肺腑之言的歌 ཁྱེད་ཀྱི་ཕྱོགས་སུ་བླངས་ཡོད། 我为你唱 འུ་གཉིས་ལག་པར་འཇུས་ནས། 我俩一起牵手 ཁ་བའི་ལྗོངས་སུ་འགྲོ་དང་།  行走青藏高原 བརྩེ་བའི་སྙིང་གཏམ་གླེང་བཞིན། 谈起知心话 མི་ཚེའི་དམ་བཅའ་བཞག་འགྲོ  立下一生的誓言
ཕ་སྐད་གཙང་མའི་དབྱངས།  唱一首纯母语歌 བུ་མོ་ཁྱེད་ལ་ལེན་འགྲོ  我为你唱 བུ་མོ་ཁྱོའི་ཞལ་རས་མཛེས་མཛེས།  姑娘容姿优美 བུ་མོ་ཁྱོའི་གཤིས་ཀ་ཡག་ཡག  姑娘的性格善良 ཁ་བ་གངས་རིའི་སྐད་ཡིག 雪域的高原的语言 མཛེས་པ་དབྱངས་གསལ་སོ་བཞི། 二十四个韵母 ཁྱོད་དང་འུ་གཉིས་རྒྱན་ཡིན།  我俩的装饰 གངས་དཀར་པོའི་དབུ་རྩེ་མཐོ་ས་རུ།  雪域高原之上 སྦྲ་སྨུག་པོ་ཕུབ་པའི་འབྲོག་སྡེ་ནས།  搭起黑帐篷 ཆར་ཟམ་ཟིམ་ཁྲོད་ནས་མཛེས་པ་མངོན།  细雨中的美色 གངས་ལྷ་མོའི་མེ་ཏོག་སྤང་ལ་མཛའ།  雪莲花开在草原上 སྤང་མེ་ཏོག་དྲི་བསུང་ཐུལ་ལེ་ཡོད། 轻轻的飘香四方 འབྲོག་ཐང་གི་མཛངས་མ་ཁྱེད་རང་།  雪域高原的美人 མཐའ་ཡས་ཀྱི་རྩྭ་ཐང་སྟེང་ནས། 一望无际的草原 འབྲོག་གླུ་ཡི་འགྱུར་ཁུག་རེ་རེས། 牧歌旋律优美 གཞོན་སྐྱེས་ཀྱི་སྙན་དབང་དཀྲོག་སྟེ། 你打动了我的心 ང་ཡི་སེམས་པ་འཕྲོག་སོང་།  སེམས་པ་འཕྲོག་སོང་། 你带走了我的心   你带走了我的心 སྙིང་གི་བུ་མོ།  སྙིང་གི་བུ་མོ།  སྙིང་གི་བུ་མོ། 心中的姑娘  心中的姑娘  心中的姑娘
ཞབས་བྲོ་ཟིག་འཁྲབ་ན་མཉམ་དུ་འཁྲབ།  一起共舞 གླུ་དབྱངས་ཟིག་བླངས་ན་མཉམ་དུ་ལེན།  一起唱歌 སྨོན་ལམ་ཟིག་རྒྱབ་ན་མཉམ་དུ་རྒྱག   一起祈祷 བདེ་སྐྱིད་ཀྱི་འཚོ་བ་མཉམ་དུ་རོལ།  一起过幸福生活 ཁྱེད་ནི་ང་ཡི་སེམས་ནང་གི་ལྷ་མོ།  你是我心中的女神 རྨི་ལམ་འཚོལ་བའི་ལམ་གྱི་ཁ་ཡ། 梦中的情人 འཇིག་རྟེན་འདི་ན་འགྲན་རྩོད་ཆེ་རུང་།  世界虽然竞争大 ཁྱེད་རང་སེམས་ནས་མི་གཏོང་དམ་བཅའ།  我永不放弃你 ལྷ་སའི་བར་སྐོར་ནང་ནས་འཕྲད་པའི་འཛུམས་གཅེས་བུ་མོ། 拉萨八廓街遇见姑娘 མིག་ཟུང་ཀེམ་ཀེམ་གཡོ་བས་བུ་ངའི་སེམས་པ་འཕྲོག་སོང་།  双眼炯炯的迷入了我的心 འཁྱམས་པོའི་གླུ་བ་ང་རང་ཁྱེད་དང་འདྲིས་ན་ཨེ་ཆོག  流浪的我 和你共度余生吗 སེམས་ཀྱི་རྩྭ་ཐང་སྟེང་དུ་ཁྱེད་རང་ཕེབས་ན་ཨེ་ཆོག  你可以到我身边吗
ཡིག་སྒྱུར་བ།  དབལ་ཁྱུང་བསོད་ནམས།  翻译:瓦琼索郎 封面设计:维斯达瓦