Lyrics: Aive14
Music: Aive14
Arranger: Aive14
ཕ་མའི་གཉོར་སྐྱོད་ཟེར་བ།
མཁའ་ལ་ཤར་བའི་ཉི་མ་ཡིན།
བྱངས་དང་བརྩེ་བའི་དྲོད་ཀྱིས།
རང་ཁྱིམ་སྐྱིད་ལ་འཁོར་སོང།
ཕ་མ་ལགས།
ང་ཡི་དྲིན་ཆེན་ཕ་མ
།སྐུ་ལ་བར་ཆད་མེད་པའི།
བཀྲ་ཤིས་གླུ་ཡིས་མཆོད་དོ།
དགེན་གྱི་བཀའ་དྲེན་ཟེར་བ།
དུང་མདོག་ཆུ་ཤེལ་དབང་པོ་ཡིན།
ཤེས་རིག་འོད་སྣང་འབུམ་གྱིས།
བློ་ཡི་མུན་པ་བསལ་སོང་།
དགེ་རྒན་ལགས།
དྲན་དབང་དགེ་རྒན་དམ་པ།
དབང་ཐང་རི་ལས་མཐོ་བའི།
རྟེན་འབྲེལ་གླུ་ཡིས་བསྟོད་དོ།
མ་ཡུམ་སློབ་གླིང་ཟེར་བ།
དགུང་གི་སྐར་ཚོགས་ཁྲ་མོ་ཡིན།
བརྩོན་འགྲུས་གོ་ཆ་བརྟན་པས།
ཤེས་བྱའི་རིག་རྩལ་རྒྱས་སོང་།
སློབ་གྲོགས་ལགས།
ང་ཡི་སློབ་གྲོགས་རྣམ་པ།
ཅི་བསམ་དོན་ཀུན་འགྲུབ་པའི།
སྙན་འཇེབས་གླུ་ཡིས་མཆོད་དོ།
སློབ་གྲོགས་ལགས།
ང་ཡི་སློབ་གྲོགས་རྣམ་པ།
ཅི་བསམ་དོན་ཀུན་འགྲུབ་པའི
།སྙན་འཇེབས་གླུ་ཡིས་མཆོད་དོ།