First step(Prod. YZ BEATZ&HZ.MY)

Lyrics: JustDelay_enggey Music: JustDelay_enggey beatདེ་རྒྱུད་གོམ་པ་དང་པོ་དེ་སྤོས། སེམས་ལ་བསམ་པ་བདེན་པ་བདེན་ཐུབ་ཏུ་བྲིས། མི་གཞན་ལས་ལྷག་པའི་གཤིས་རྒྱུས་དེ་མེད་ཀྱང་། བདེན་པ་བདེན་ཐུབ་ངང་ནས་སྐད་ཆ་དེ་ བཤད། ཤ་ལས་གྲུབ་པའི་སྙིང་ལ་གསེར་གྱི་མཆུ་ཏོ་དེ་སྒར་ནས་ཡག་ཉེས་གཅིག་དང་གཅིག་བལྟས་ནས་བསྡད། ཧང་ཧང་ཧང།  གཞས་གཅིག་གཉིས་བཏང་ཐུབ་ཙང་མི་ གཞན་ལས་ལྷག་པའི་གཤིས་བརྒྱུད་དེ་སུས་སྤྲས། གཞས་གཅིག་གཉིས་བཏང་ཐུབ་ཙང་rapperགི་མིང་འཐབ་mic མཐོང་དུས་རྒྱབ་ལ་ཐག་རིང་སར་གབ། མེས་པོ་གཅིག་ཡིན་ཙང་བོད་རིགས་ཀྱི་མིང་འཐབ་ལུང་པ་ཕན་ཚུན་འཕྱ་མོད་བྱེད་རེད་དེ་རྒྱབ། ཇ་ཁང་ནང་གི་མི་ཚང་མ་bbbb བསམ་བློ་བཏང་མ་ཤེས་  ཚང་མ་བཤད་བྱས་བསྡད་ གཅིག་གིས་གཅིག་ལ་བཤད་ ཐོལ་པར་ རྒྱབ་བྱས་བཤད་ གོ་བ་ལོག་གྲུབ་བྱས་ དཀར་པོ་ནག་པོ་བཟོས། སྐྱད།    སྒྲོག་ཙེ་ཕ་གིའི་སྒང་ལ་སྦྱོང་ཚན་འབྲི་མཁན་ཕྲུ་གུ་གཉིས་དུག་ མཉམ་ཆུང་མདོག་འདུག་  ལོ་ཆུང་མདོག་འདུག་ ང་ཚོས་རུབ་རྒྱག་རྒྱབ་ན་སྟོར་ཐུབ་ས་འདུག་ 北郊སུའི་ཡིན་མིན་ཧ་གོ་རུ་བཅུག་གི་འདུག་ པར་ཡག་ཙེ་རྒྱབ།   སྐད་འཕྲིན་ནང་དུ་བསྐུར་ང་ཚོ་ཚང་མ།   རྫིགས་པོ་དེ་གྲས་གློག་སྐུད་དང་བྱས། བུ་ག་པར་འགྲོ་ག་ ཅོག་    ཀུན་ད་གླིང་ལ་སླེབས་ཀྱི་རེད་པས། བུ་རང་སློབ་གྲག་རེད་འདུག་      ངས་ལྡབ་གཉིས་མ་གཏོགས་ལེན་མ་ཡོང་། ཅོག་       ཆུ་ཚོད་སྐག་ཡག་ཡོག་མ་རེད་པས་ ཆུ་ཚོད་སྐག་ནའི་འགྲིག་   ངས་བུ་རང་བསྐོར་ར་གཅིག་རྒྱབ་ནས་འཁྲིད་གོའོ། ཨའ་ ཧ་ཧ།   ཡང་ལྐུག་པ་གཅིག་བླུགས་ཐུབ་སོང་   ཏིབ་ཐུབ་སོང་། སེམས་འཕྲལ་མ་བྱེད་བསྐོར་ར་ག་ཚོད་རྒྱབ་ཀྱང་། འགྲོ་ས་ཁོ་ར་ ཏག་ཏག་གཅིག་བསྐྱལ་ཐུབ་པ། མི་ཡོད་ན་བླུགས།  བསྡད་ས་སྟོང་པ་འདུག་ ལམ་འགག་གཅིག་པ་མིན་ནའི་གལ་ཡོག་མ་རེད། བསྐོར་ར་རྒྱབ་དགོས་བྱུང་ནའི་གལ་ཡོག་མ་རེད་ ཙིར་རི་གོ་རི་བྱས་ནའི་གལ་ཡོག་མ་རེད་ མོ་ཊ་རྫོབས་བསྡད་པའི་བོད་ལྗོངས་ས་ཁུལ་དེ་ལ་ང་ལས་མགྱོགས་པ་དང་ལྷག་པ་མེད། ངས་ལག་པར་འཕྲེང་བ་གྱོན།   རིན་མེད་ཁ་རས་དེ་འཕོག་ ཁ་རས་གིས་མདོང་དམར་སྒང་གི་སྐྲག་ཙི་ནག་པོ་དེ་བཀག་ དར་སྐད་ནང་མི་གཞན་གི་སྐྱོན་འཚལ་བསྡད ང་ཚོའི་སྟོབས་ཤུགས་དེ་ཁོ་ཚོ་མཐོང་རོ་བཅུག་ ཀུ་ཅི་ཀུ་ཅི་   ཁོ་ཚོ།  ངའི་ཐད་གཏོང་ལྟོས་ཤོག་ ང་ཚོ་སྤུན་ཟླ་རེད་དའ་།  བྱས་ཙང་དངུལ་ཅིག་སྟེར་དང་། བུ།   ཀུན་ད་གླིང་ལ་སླེབས་སོང་། ཅོག་      དངུལ་ག་ཚོད་རེད་འདུག་ ཆུ་ཚོད་སྒང་ལ་སྒོར་༤༦ རེད་བཞག་    བུ་རང་སྒོར་༥༠སྤྲད་ན་འགྲིག་ ཅོག་    ནམ་རྒྱུན་སྒོར་མོ་༡༥ མ་ཏོགས་བྱེད་ཀྱི་མེད། ད།    བུ་རང་གི་ཆུ་ཚོད་སྐག་ཟེར་གྱི་འདུག་   ཆུ་ཚོད་སྒང་ལ་ད་ག་རེད་བཞག་