德格加 情歌

Music: 德格加DGJ Arranger: 德格加DGJ དགུ་གསུམ་པའི་ཙག་ཆེན་ནང་ནས།། ལུག་གཡང་དཀར་འཚོ་གི་སློང་ན།། ལུག་འཚོ་རྒྱུ་དཀའ་ནི་མ་རེད།། ལུག་འཚོ་རོགས་་མེད་ནོ་སྡུག་གི། མ་སྒྲོལ་མ་མིག་ལ་ལྷུང་རུང་།། སེམས་བསམ་པའི་ནང་ནས་ཤོར་ཐལ།། ལོ་བཅོ་ལྔ་ཉི་ཤུའི་ནང་ནས།། རོགས་་བཙལ་གི་ཟེར་ནི་མེད་དྲ།། ཞེ་བསམ་པ་ཅན་ཞིག་ཡིན་ན།། འདང་ཞེ་ར་འཁྱག་དོན་་མེད་ཁུ།། ... མ་སྒྲོལ་མུའི་་མོ་སྒོ་ལྷ་ཡིན།། ལྷ་བམས་པའི་ཞེ་འདང་འདེ་རེད།། མི་གསོན་པོའི་སེམས་ཀི་སྡུག་འདི།། ལྷ་ཞིག་གིས་འཇོག་ས་མེད་ཁུ།། ཨ་སྐྱིད་ལ་འཁོར་བའི་ནང་ནས།། ངས་སྡུག་གི་ལོ་་རབས་མི་བཤད།། ངའི་སྡུག་ལ་དྭངས་མཐའ་མེད་རུང་།། ཤ་ཚ་གི་རོགས་ཞིག་མེད་ཁུ།།