Lyrics: sonam Music: 科才华尔旦 ཆུང་ལ་ཡ་འདྲིས་ལོ། ། ཆུང་འདྲིས་གཡུ་ཆུང་དྲུག་དཀར། ། ང་གཉིས་མཉམ་འཛོམས་བྱུང་དུས། ། ཆུང་ལ་ཡ་འདྲིས་ལོ། ། ཆུ་ཕྲན་དྭངས་ཤ་ཅན་ལྷོད་ལྷོད། ། མེ་ཏོག་འཛུམ་ཆུང་ཤིག་ཤིག ། ཆུང་ལ་ཡ་འདྲིས་ལོ། ། ཆུ་ཕྲན་དྭངས་ཤ་ཅན་ལྷོད་ལྷོད། ། མེ་ཏོག་འཛུམ་ཆུང་ཤིག་ཤིག །
ཆུང་ལ་ཡ་འདྲིས་ལོ། ། ཆུང་འདྲིས་གཡུ་ཆུང་དྲུག་དཀར། ། འུ་གཉིས་སྙིང་གཏམ་ལབ་དུས། ། ཆུང་ལ་ཡ་འདྲིས་ལོ། ། ཟླ་བའི་འོད་སྣང་བསིལ་བསིལ། ། སྐར་མའི་འཛུམ་ཆུང་དམུལ་དམུལ། ། ཆུང་ལ་ཡ་འདྲིས་ལོ། ། ཟླ་བའི་འོད་སྣང་བསིལ་བསིལ། ། སྐར་མའི་འཛུམ་ཆུང་དམུལ་དམུལ། །
ཆུང་ལ་ཡ་འདྲིས་ལོ། ། ཆུང་འདྲིས་གཡུ་ཆུང་དྲུག་དཀར། ། ང་གཉིས་ལམ་ལ་ཆས་དུས། ། ཆུང་ལ་ཡ་འདྲིས་ལོ། ། ནམ་ཟླ་དྲོ་དྲོ་འཇམ་འཇམ། ། བྱེའུ་ཆུང་གར་སྟབས་ལིང་ལིང་། ། ཆུང་ལ་ཡ་འདྲིས་ལོ། ། ནམ་ཟླ་དྲོ་དྲོ་འཇམ་འཇམ། ། བྱེའུ་ཆུང་གར་སྟབས་ལིང་ལིང་། །
ཆུང་ལ་ཡ་འདྲིས་ལོ། ། ཆུང་འདྲིས་གཡུ་ཆུང་དྲུག་དཀར། ། ང་གཉིས་དུང་ཞེན་གཅིག་དུས། ། ཆུང་ལ་ཡ་འདྲིས་ལོ། ། རུ་སྡེའི་དཀྱིལ་ན་མཛེས་མཛེས། ། ན་ཟླའི་གྲལ་ན་ལྷང་ལྷང་། ། ཆུང་ལ་ཡ་འདྲིས་ལོ། ། རུ་སྡེའི་དཀྱིལ་ན་མཛེས་མཛེས། ། ན་ཟླའི་གྲལ་ན་ལྷང་ལྷང་། ། ཆུང་ལ་ཡ་འདྲིས་ལོ། ། རུ་སྡེའི་དཀྱིལ་ན་མཛེས་མཛེས། ། ན་ཟླའི་གྲལ་ན་ལྷང་ལྷང་། །