初夏的小曲

Lyrics: sonam Music: sonam དབྱར་མགོ་མའི་གླུ་ཆུང་། ། ཚིག བསང་ཚེ་བཀྲ། དབྱངས། ཁོ་ཚེ་དཔལ་ལྡན།
དབྱར་མགོ་མའི་ཁུ་ལོ་ལྷང་སེ་ལྷང་། ། མདོག་སྣ་བརྒྱའི་མེ་ཏོག་ལམ་སེ་ལམ། ། ཡུལ་སྐྱིད་པོ་འབྲོག་པའི་ས་ཆ་འདིར། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་་་ ་་་ ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། །
དབྱར་མགོ་མའི་སྦྲང་ཆར་ཤག་སེ་ཤག ། འཇའ་སྣ་ལྔའི་གུར་ཁང་ལམ་སེ་ལམ། ། སྤང་ཁ་ཞེང་ཆེ་བའི་འབྲོག་སྡེ་འདིར། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་་་ ་་་ ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། །
དབྱར་མགོ་མའི་སྨུག་སྤྲིན་ལང་སེ་ལང་། ། ལུག་ཚེར་མོའི་འབའ་སྐད་ལྷང་སེ་ལྷང་། ། རྫ་ཉིན་སྲིབ་བར་གྱི་འབྲོག་རུ་འདིར། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་་་ ་་་ ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། ། ངག་སྙན་མོ་གླུ་ཡིས་ཡང་ཡང་བསྟོད། །