Me(prod.pache)

Lyrics: Dokpo Music: Dokpo Arranger: pachebeatzz ང་མཁོ་བའི་འཚོ་བ་ངའི་རོལ་བཞིན་ཡོད། ང་དུང་སའི་བུ་མོ་ངའི་གམ་དུ་ཡོད། ད་ལྟ་ངའི་སེམས་ན་འཇིགས་སྐྲག་མེད། ཕྱིར་བལྟས་ན་གོམ་རྗེས་ཡལ་རྒྱུ་མེད། འདས་ཟིན་པའི་ལོ་ཟླའི་ནང་ངའི་ལམ་ལ་ཀྱག་ཀྱོག་མང་། སྔོན་ཆད་ང་ལག་སྟོང་མཆན་ལ་བསྡུས་པའི་ལོ་ཟླ་མང་། འདས་ཟིན་ལ་བདེ་མོ་བཞག་ཆོག ད་ལྟ་དངོས་གནས་འགྱུར། ང་ཚོ་འཇིག་རྟེན་འདིའི་མགྲོན་པོ།རང་ཉིད་སྐྱིད་པར་བྱའོ། ངའི་ནོར་བ་བདེན་དུ་འཇུག་འདོད། བདེན་པ་ནོར་དུ་འཇུག་འདོད། ལས་ཅི་བྱེད་རང་གི་ལག་ཡིན། གང་ལ་ཡང་ཁ་གཡར་ཁོམ་མེད། དོན་ཅི་འགྲུབ་རང་ལ་ཐུག་ཡོད། སུ་ལའང་ཁག་མི་འགེལ། ས་འཇིག་རྟེན་སྒྱུ་མའི་གྲོང་ན། བློ་ཁེན་ས་གཞན་ལ་མེད་ཀི ལས་སྐྱིད་སྡུག་མི་ཚེའི་ཀློང་ན། ཡིད་ཆེས་ས་རང་ལས་མེད་ཀི དཔའ་བཞག་དུས་ཁོ་ཡིན་ཁྱོད་ཡིན། དཔེ་བཞག་དུས་ཁོ་མིན་ཁྱོད་མིན། I’m don‘t need fake friends I lost my day one homie མི་སེམས་ཀྱི་གནམ་མཁའ་བཀྲུ་པའི་ཟླ་འོད་ཀྱི་ཟེགས་མས། མཚན་ལམ་འདིར་ང་ལ་སྤོབས་པ་གནང་ཞིང་། ཡིད་ཀྱི་སྨོན་འདུན་གསོ། ང་མཁོ་བའི་འཚོ་བ་ངའི་རོལ་བཞིན་ཡོད། ང་དུང་སའི་བུ་མོ་ངའི་གམ་དུ་ཡོད། ད་ལྟ་ངའི་སེམས་ན་འཇིགས་སྐྲག་མེད། ཕྱིར་བལྟས་ན་གོམ་རྗེས་ཡལ་རྒྱུ་མེད།