坦然

Lyrics: Wings Music: Wings RTDB འུ་གཉིས་འདི་ལྟར་སོ་སོར་བྲལ་སོང་། ཐ་ན་བདེ་མོའང་འཇོག་མ་ཐུབ། གློ་བུར་མུན་པ་དེ་རུབ་སོང་། འཚོ་བའི་ཁ་དོག་དེ་ཡལ་སོང་། ལས་དབང་བཙན་པོ་དེ་ལྡོག་ཐབས་བྲལ། བརྩེ་བའི་གཏམ་རྒྱུད་དེ་བརྗེད་མི་སྲིད། Luosang ལས་ཀྱི་བཀོད་པ་ལ་ནམ་ཡང་འགྱུར་བ་མི་འདུག རང་ས་རང་ཡུལ་དེ་ནམ་ཡང་བརྗེད་པ་མི་འདུག གསོལ་བ་རེ་འདེབས་དགོས་དུས་ངན་སྙིགས་མའི་མཐའ་རེད། འཚོ་བ་ལ་གཅེས་སྐྱོང་བྱོས་་་་དམ་པའི་ཆོས་ཀྱི་ས་རེད། ང་གང་ནས་ཡོང་ནོར་བ་ལ་མེད་་་་ལག་ཏུ་ཕྲེང་བ་བཟུང་ཡོད། མཐོ་ས་ནས་འཕུར་གཤོག་ཟུང་གི་བར་ནས་ང་ཡིས་གནམ་འཕང་གཅོད་ཆོག ཡེ་་་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་་་འགྱོ་ཡཱ་་འགྱོ་ཡཱ་་་་་ སྡུག་གི་ཁུར་བོ་མཉམ་ཁུར་་འགྱོ་ཡཱ་འགྱོ་ཡཱ ཡེ་་་གངས་དཀར་བོའི་འདབས་ཀྱི་འཚོ་བ།  བྱ་ཁུ་བྱུག་སྔོན་མོ་གྲག་ས། སྤྲིན་དཀར་བོ་ཁ་བཏགས་འཐེན་འདྲ།  གླིང་གེ་སར་རྒྱལ་བོའི་ཕ་ས། RTDB འུ་གཉིས་འདི་ལྟར་སོ་སོར་བྲལ་སོང་། ཐ་ན་བདེ་མོའང་འཇོག་མ་ཐུབ། གློ་བུར་མུན་པ་དེ་རུབ་སོང་། འཚོ་བའི་ཁ་དོག་དེ་ཡལ་སོང་། ལས་དབང་བཙན་པོ་དེ་ལྡོག་ཐབས་བྲལ། བརྩེ་བའི་གཏམ་རྒྱུད་དེ་བརྗེད་མི་སྲིད། Lil sad མིག་གིས་རྒྱང་ལ་བལྟས། འཚོ་བ་དེ་དངོས་རེད་ལ། འཇིག་རྟེན་གྱི་མགྲོན་པོ་ང་། ནམ་འགྲོ་བ་ཆ་མེད་རེད། འདས་ཟིན་པའི་འཚོ་བ་དེ་ལ་རྫོགས་ཚིག་བྲིས། འོད་སྣང་ལྡན་པའི་ལམ་ནས་དེ་རིང་ང་ཚོ་མདུན་དུ་ཆས། Go away སྤྲོ་སྣང་མེད་པའི་འཇིག་རྟེན་འདི་ནས Go away གནས་ལུགས་མེད་པའི་འཇིག་རྟེན་འདི་ནས Go away ང་རང་གཤོག་ཐོགས་རྒོད་པོ་ཞིག་སྟེ་གནམ་འཕང་བཅད་ནས་ Go away ཕྱིར་ཡོང་མེད་པའི་ལོ་ཟླ་དེ་ལ་་་ད་རེས་ར། མི་ནི་ཚོད་འཛིན་བྱེད་མཁན་དངོས་རྫས་རང་ལུགས་ཡིན་པ་་ད་རེས་ར། RTDB: གནས་ཆ་མེད་གྲོང་ནས། ངས་ཁྱེད་རང་དྲན། འུ་གཉིས་འདི་ལྟར་སོ་སོར་བྲལ་སོང་། ཐ་ན་བདེ་མོའང་འཇོག་མ་ཐུབ། གློ་བུར་མུན་པ་དེ་རུབ་སོང་། འཚོ་བའི་ཁ་དོག་དེ་ཡལ་སོང་། ལས་དབང་བཙན་པོ་དེ་ལྡོག་ཐབས་བྲལ། བརྩེ་བའི་གཏམ་རྒྱུད་དེ་བརྗེད་མི་སྲིད། Mixing: TASTA塔林夫 出品:成都草原三小只文化传媒有限公司