Shur

Lyrics: tenzin rabgye Music: tenzin rabgye གང་བྱུང་བ་དེ་ལ་བཀའ་དྲིན་ཆེ་པོ་ཡིན་ མི་ཧྲག་ཧྲག་མེད་དེ་ང་ཡིས་ཐབས་ཤེས་དངོས་གནས་བྱས་ཡིན་ ཉིན་མཚན་མེད་པར་དཀའ་ལས་རྒྱག་མཁན་མཐོང་དུས་ ངའི་སེམས་ཡང་བསྐྱར་ གཅིག་བྱས་ན་ནོར་བུ་ཡོད་དུས་ཁྱོད་རིན་ཐང་མ་ཤེས་ ལྐུགས་པས་ལྷ་མཐོང་ནང་བཞིན་ས་ཆ་མེད་སར་འཚོལ་ རྒྱུན་རིང་རྗེས་ལ་རྟ་ས་ཡང་བསྐྱར་མཐོང་དུས་ ངའི་སེམས་ཡང་བསྐྱར་བཞུར་ ངའི་སེམས་ཡང་བསྐྱར་བཞུར་ གངས་འདིའི་དཀྱིལ་ལ་ངའི་སེམས་ཡང་བསྐྱར་བཞུར་ ངའི་སེམས་ཡང་བསྐྱར་བཞུར་ ད་སྡུག་ཅག་གཅིག་མ་བྱུང་བར་དུ་ངས་མ་ཤེས་ ལས་འདིས་ཁྱེད་ངའི་འགྲམ་དུ་བཏང་ ད་སྡུག་ཅག་གཅིག་མ་བྱུང་བར་དུ་བསྡད་མ་སྡོད་ སྡུག་ཅག་གཅིག་མ་བརྡབས་བར་དུ་ཨེ་འགྱུར་བ་གཏོང་ ཡིན་ནའང་ངའི་སེམས་འདི་ཁྱེད་རང་ནང་བཞིན་ སྨུག་པས་བཏུམས་ནས་བྱེད་སྟངས་ཅིའང་མ་ཤེས་ ཡིན་ནའང་རྒྱུན་རིང་རྗེས་ ཨེ་རྟ་ས་ལ་ངའི་སེམས་ཡང་བསྐྱར་ཆགས་པའི་སྐབས་ ངའི་སེམས་ཡང་བསྐྱར་བཞུར་ ངའི་སེམས་ཡང་བསྐྱར་བཞུར་ ངའི་སེམས་ཡང་བསྐྱར་བཞུར་ གངས་འདིའི་དཀྱིལ་ལ་ངའི་སེམས་ཡང་བསྐྱར་བཞུར་ ཡིན་ནའང་ངའི་སེམས་འདི་ཁྱེད་རང་ནང་བཞིན་ སྨུག་པས་བཏུམས་ནས་བྱེད་སྟངས་ཅིའང་མ་ཤེས་ ཡིན་ནའང་རྒྱུན་རིང་རྗེས་ ཨེ་རྟ་ས་ལ་ངའི་སེམས་ཡང་བསྐྱར་ཆགས་པའི་སྐབས་ ངའི་སེམས་ཡང་བསྐྱར་བཞུར་ ངའི་སེམས་ཡང་བསྐྱར་བཞུར་ གངས་འདིའི་དཀྱིལ་ལ་ངའི་སེམས་ཡང་བསྐྱར་བཞུར་ ངའི་སེམས་ཡང་བསྐྱར་བཞུར་