Lyrics: 仁青RENQ
Music: ADONG阿东
ཕ་ཡུལ་ལ་ཆས་འགྲོ།
དམངས་གླུ:གངས་མགོན་རྒྱལ།རྟ་མགྲིན་སྐྱིད།
上传人:念藏仁青
སྟོན་མཇུག་གི་ལོ་མར་འདྲ་བའི་ང་ཚོ།
མཇུག་མཐར་གང་ལ་ལྷུང་བ་སུ་ཡིས་ཤེས།
རླུང་གིས་བསྐྱོད་པའི་རླུང་རྟ་དང་འདྲ་བའི་ང་ཚོ།
ནམ་ཞིག་ལྷིང་འཇགས་སུ་གནས་པ་སུ་ཡིས་ཚོར།
སྒེའུ་ཁུང་ཕྱི་ཡི་མཚམས་སྤྲིན་མཐོང་དུས
ཕ་ཡུལ་ཕྱོགས་སུ་གོམ་ཁ་ཡང་བསྒྱུར་མགོ་བརྩམས་སོང་།
འུར་འཛིང་གི་གྲོང་ཁྱེར་དང་གྱེས་ནས།
ཕ་ཡུལ་ཕྱོགས་སུ་ཐེངས་གཅིག་ཕེབས་ན་ལོས་ཆོག
ས་དེ་ན ང་ཚོའི་ཕ་མ་སྤུན་མཆེད་ཡོད་ལ།
ས་དེ་ན ང་ཚོའི་རིགས་མཐུན་སྤུན་གྲོགས་ཡོད།
ས་དེ་ན ང་ཚོའི་ཕ་མ་སྤུན་མཆེད་ཡོད་ལ།
ས་དེ་ན ང་ཚོའི་ཐོག་མའི་རྨི་ལམ་ཡོད་ལ།
ས་དེ་ན ང་ཚོའི་ཕུ་ནུ་མིང་སྲིང་ཡོད་རེད།
ས་དེ་ན ང་ཚོའི་རིགས་མཐུན་སྤུན་གྲོགས་ཡོད།
ས་དེ་ན་རིགས་རྒྱུད་གཅིག་པའི་ཕུ་ནུ་མིང་སྲིང་ཡོད་རེད།
ཁོ་ཚོ་ལ་ཁྱོད་དང་འདྲ་བའི་དུས་གསར་གྱི་གོ་རྟོགས་ཡོད་རེད།
ཁོ་ཚོ་ལ་འཕེལ་རྒྱས་ཀྱི་འདུ་ཤེས་དང་སྔོན་ཐོན་གྱི་བསམ་བློ་ཡོད།
ཁོ་ཚོ་ལ་གངས་རི་ཡི་གཟི་ཉམས་དང་མཚོ་མོ་ཡི་བྱམས་བརྩེ་ཡོད།
ས་དེ་ན ང་ཚོའི་ཕ་མ་སྤུན་མཆེད་ཡོད་ལ།
ས་དེ་ན ང་ཚོའི་རིགས་མཐུན་སྤུན་གྲོགས་ཡོད།
ས་དེ་ན ང་ཚོའི་ཕ་མ་སྤུན་མཆེད་ཡོད་ལ།
ས་དེ་ན ང་ཚོའི་ཕུ་ནུ་མིང་སྲིང་ཡོད་རེད།
ས་དེ་ན ང་ཚོའི་ཐོག་མའི་རྨི་ལམ་ཡོད་ལ།
ས་དེ་ན ང་ཚོའི་རིགས་མཐུན་སྤུན་གྲོགས་ཡོད།
念藏仁青藏歌Distributed官网