Fro What

Lyrics: TMJ Music: TMJ Arranger: TMJ Arranger: Rad Killer Recording&Mixing:9TEEN4EVER 翻译:Mr.Durwood ༼ཅི་ཞིག་གི་ཆེད་དུ།༽ དམེ་ལྕེ། ཟང་ཟིང་གི་འཁོར་བ་འདི་དག ཆོས་པ་འདི་དག ཡང་སྙིང་ཅི་ཞིག་གི་དོན་དུ་འཚོས་ཡོད་དམ། རང་གི་དོན་ནམ། བདེ་སྐྱིད་ཀྱི་ཆེད་ཡིན་ནམ། གཞན་གྱི་དོན་ནམ། ཅི་ཞིག་གི་ཆེད་དུ། ཞོགས་པར་མི་ཁོམ། ཉིན་མཚན་དུས་དྲུག་ཏུ་མི་ཁོམ་པར། མཚན་མོའི་གཉིད་ཆགས། ཟླ་འོད་ཀྱི་བསིལ་བ་མི་ཚོར་པར། ཉིན་མོའི་ཟས་བརྗེད། སྐྱ་རེངས་ཀྱི་ངལ་བ་མི་ཚོར། ཅི་ཞིག་གི་ཆེད་དུ། དྲན་པ་བཟི་སྟེ། སྨག་རུམ་གྱི་རྔན་པ་མི་ཚོར་བར། མེས་པོ་བརྗེད་དེ། རབ་ཏུ་གཅེས་པའི་གཅེས་ནོར་མང་པོ་དོར་ཏེ། གཏམ་ཡང་མི་སྨྲ། གནས་ལུགས་ལ་འདང་རྒྱག་མེད་པར། སྲོལ་བཟང་ལ་གུས་བརྩི་མེད་པར། ཁོར་ཡུག་ལ་ཉམས་འཇོག་མེད་པར། རི་བོའི་གཏོས་དང་མཉམ་པའི།། རྒྱ་མཚོའི་དཔངས་ལྟར་ཟབ་པའི།། སྐྱེ་བོ་རྣམས་གསོན་ཡོད་པའི་དོན་སྙིང་ནི་ཅི་ཞིག་ཡིན། ཁ་ཞིག་གྲོག What are you**** living for? please tell me ཅི་ཞིག་གི་ཆེད་དུ།
ཕུགས་བསམ་ཆེད་དུ་ཕུགས་བསམ་བོར་སོང་ལ། རང་ཉིད་ཆེད་དུ་རང་ཉིད་རིལ་ཀྱང་སོང་། གསོན་པའི་དོན་སྙིང་ཅི་དང་གང་ཞིག་ཡིན།། ཅི་ལ་གསོན་ཡོད་ཅིའི་ཕྱིར་གསོན་ཡོད་ལགས།།
སྤྲིན་དཀར་ལྟ་བུའི་ཁོར་ཡུག་ཏུ་གསོན་ཡོད་པའི་Rappers ང་ཚོ་མི་རྣམས་ ཡང་སྙིང་ཅི་ཞིག་གི་ཆེད་དུ་གསོན་དགོས་ཤིང་གསོན་ཡོད་པའི་དྲིས་ལན་གསལ་བོ་ཞིག་སུ་ཞིག་གིས་སྨྲ་བར་སྤོབས། listen ང་རང་གཞན་གྱིས་འཕྱ་སྨོད་ལ་མི་སྐྲག་ནའང་། གཉེན་ཉེའི་ཡིད་ཆེས་མེད་ཅིང་སྤྲོ་སེམས་མེད་པར་ཧ་ཅང་སྐྲག ང་རང་གཞན་གྱིས་མཐོང་ཆུང་ལ་མི་སྐྲག་ནའང། སྙིང་གི་གྲོགས་པོ་དག་གིས་རྒྱང་དུ་གཏོང་བར་རབ་ཏུ་སྐྲག ལམ་ཐག་རིང་བོར་འབད་བརྩོན་དང་དཀའ་ཁག་ལ་རྒྱུན་འཁྱོངས་བྱེད་པར་མི་སྐྲག་ནའང་། ངས་ང་རང་ཉིད་བློ་གཏོང་མ་ཐུབ་པར་འབྲས་བུ་གཡུར་དུ་མི་ཟ་བར་ཅེས་ཀྱང་སྐྲག་སོང་། 多少个无眠的夜晚 多少个散架的耳机 可耳边依旧循环着那首Bk Love TB keep going ན་ཟུག་གིས་གླུ་ངག་སེམས་ཁོང་གི་རོལ་ཆས་དང་འགྲོགས་ཏེ། ཉི་མ་རེ་རེ་དང་ལོ་ཟླ་རེ་རེར་འདྲི་གཞི་མི་འདྲ་བ་ཆིག་འབུམ་སྣ་ཚོགས་གྱེར་ཏེ། ཆེས་རང་ཉིད་ངོ་མ་དེ་བཙལ་བཞིན་འདུན་དུ་བསྐྱོད།
འཁོར་བའི་མི་ལ་འཁོར་བའི་གཤིས་རེ་མངའ།། ཟང་ཟིང་འདུ་འཁྲིག་ཁ་དོག་ཁྲ་གསུམ་བསྒྱུར།། གསོན་པའི་དོན་སྙིང་ཅི་དང་གང་ཞིག་ཡིན།། ཅི་ཞིག་ཆེད་དུ་གསོན་དགོས་ཤེས་ཡོད་དམ།།
རྒྱང་རིང་གི་འོད། སེམས་པའི་ཚོམས། དཀའ་ངལ་གྱི་ལོ་ཟླ་དག རེ་ཐག་ཆད་པའི་འགག་འཕྲང་དུ་བརྒྱུད་དེ་མཚར་ལོངས་བྱུང་། རེ་བའི་ས་བོན་གྱི་སྤྲོ་སེམས་ཡུག་གཅིག་ཕྱར་ཏེ། ཕུགས་བསམ་ཉག་མ་ལྡོག་གཅིག དད་འདུན་གྱི་རོལ་དབྱངས་སྣ་གཅིག མཆོག་གསུམ་རིན་པོ་ཆེའི་སྐྱབས་འོག་དང་ལུས་དྲོད་ཀྱི་མཐུ་བྱིན་ལས། འབྱུང་འགྱུར་འགྲུལ་བཞུད་ཀྱི་དམིགས་འབེན་ལས་སྐོས་ཀྱི་རི་མོ་ལ་འཐམ་ཏེ། ཤུགས་རིང་གི་ཕངས་སེམས་ལ་འགྱོད་གདུང་གི་ཟུག་གཟེར་མེད་པར་ཡིད་གཙང་མཁའ་དབྱིངས་ཀྱི་གཤིས་སུ་སྐྱོད་ཡ། མིག་ཟུང་བཙུམ་ཏེ། བྲང་ཁར་སྦྱར་ཏེ། རང་ཉིད་རང་ཉིད་ཡིན་པ་ངོ་ཤེས་པའི་ཕྱིར་དུ་བརྩོན། བདག་ཉིད་འགྲོ་བ་མིའི་གྲས་སུ་གཏོགས་པར་འབད་འབུངས་བརྒྱ་ཕྲག་བྱེད་ཡ། འདུན་དུ་བསྐྱོད་་་་་