路边的梦

Lyrics: ZB-YinG Music: ZB-YinG ལམ་གྱི་རྨི་ལམ། ཚིག:ZB-YinG གཡུང་དྲུང་དར་རྒྱས། དབྱངས:ZB-YinG སེམས་འདི་རྒྱང་ལ་བསྲིངས་ཡོད།། ཕུགས་འངུན་སེམས་ལ་ཉར་ཡོད།། མ་འོངས་བཞུད་ལམ་ཁྲོད་ནས།། ལམ་ཞིག་འཚོལ་འདོད་སྐྱེས་ཡོད།། ལམ་གྱི་གཡས་གཡོན་རྡོ་རེད།། རྡོ་ལ་རྐང་བ་ཐོག་རུང་།། རྒྱང་རིང་ཕུགས་འདུན་བསམ་ན།། ཡར་ཞིག་ལང་འདོད་སྐྱེས་ཡོད།། རྒྱང་རིང་ཕུགས་འདུན་བསམ་ན།། ཡར་ཞིག་ལང་འདོད་སྐྱེས་ཡོད།།
སེམས་ལ་རུམ་པའི་ཕུསག་བསམ་དེ་དག ཡིད་ལ་ཉར་བའི་དྭག་ཞིང་དེ་དག ངའི་རྨི་ལམ་གྱི་མཚར་སྡུག་རྒུམ་སའི་གནས་མལ་དེ་ཡིན། ཁྱི་སྐད་འདྲ་བའི་མྱི་ཁ་དེ་ཡིས རྡོག་རྫིས་གཏོང་བའི་བསམ་བློ་དེ་ཡིས གཞོམ་གཞིག་བྲལ་བའི་ང་ཡི་ཕུགས་འདུན་འཇོམས་མི་སྲིད། ཞུམ་པ་མེད་པའི་བདག་གི་སྙིང་སྟོབས་ཉམས་མི་སྲིད། རེ་འདུན་སྟོང་ཕྲག་བརྒལ་བའི་ཕ་རོལ་ན། འཇའ་འོད་འཁྱིལ་བའི་བདག་གི་སང་ཉིན་ཡོད། དཀའ་སྡུག་ཁྲི་ཕྲག་བགྲོད་པའི་ཁྲོད། སྙིང་ཕུར་བྲག་ལ་བརྡབས་པའི་ཕུགས་འདུན་ཡོད། བརྩོན་པ་ཆུ་རུ་བསྐྱིལ།། མི་ཚེའི་སྙིང་བོ་འཚོལ།།
སེམས་འདི་རྒྱང་ལ་བསྲིངས་ཡོད།། ཕུགས་འངུན་སེམས་ལ་ཉར་ཡོད།། མ་འོངས་བཞུད་ལམ་ཁྲོད་ནས།། ལམ་ཞིག་འཚོལ་འདོད་སྐྱེས་ཡོད།། ལམ་གྱི་གཡས་གཡོན་རྡོ་རེད།། རྡོ་ལ་རྐང་བ་ཐོག་རུང་།། རྒྱང་རིང་ཕུགས་འདུན་བསམ་ན།། ཡར་ཞིག་ལང་འདོད་སྐྱེས་ཡོད།། རྒྱང་རིང་ཕུགས་འདུན་བསམ་ན།། ཡར་ཞིག་ལང་འདོད་སྐྱེས་ཡོད།།