请点亮我

Lyrics: DhunNyi Music: DhunNyi གསལ་བར་མཛོད། Prod.by Rick1y Producer: WJCTION
Don't you think like that I will love you endlessly If you only believe me Don't you think like that I will love you for end If you only believe me
སེམས་ལ་དགའ་བའི་མེ་ཏོག་བཞད། ཁྱོད་ནི་མེ་ཏོག་པད་མ། སྙིང་ལ་དད་པའི་མེ་ལྕེ་མཆེད། དྲོད་ཀྱིས་བཀང་བའི་ཐབ་ཀ
སྙིང་སྡུག་མ། ཁྱོད་རང་གི་མིང་སྙན་པ། ང་ཡི་སེམས་ལ་བཞེངས་བསྡད་གདའ། <བཞེངས་བསྡད་གདའ།> ཐེངས་དུ་མ། དྲན་དབང་ལ་ལྡིང་ཡོང་བ། ཁྱོད་ཀྱི་མཛེས་ལ་དབྱིངས་ཚུད་གདའ། <དབྱིངས་ཚུད་གདའ།>
ལས་སྐལ་བཟང་པོས་སྐྱེ་བ་འདི་ལ་ང་དང་ཁྱོད་རང་ཕྲད། ལྷག་པར་ཡིན་དགོས་སེམས་ཀྱི་བུ་མོ་གཞན་གྱིས་དོ་ཟླ་མེད། དྭངས་གཙང་དཀར་པོའི་སྤྲིན་པ་འདྲ་ལེའི་སེམས་ཁྱོད་ལ་གཏད། སྙིང་གཏམ་གསོན་པོའི་ཁ་ཚིག་འཇམ་བུ་བུ་མོ་ཁྱོད་ལ་བཤད།
གལ་ཏེ་ཁྱོད་རང་ཤོར་ན་ང་རང་སེམས་ཕངས། ཁྱོད་རང་མཇལ་བས་ང་ཡི་འཇིག་རྟེན་ནམ་ལངས། ད་ལྟ་ཆར་པ་བབས་ན་ངེད་གཉིས་མཉམ་སྦང་། ཁྱོད་རང་ཡོད་པས་མི་ཚེ་གཞི་ནས་ཆ་ཚང་།
Don't you think like that I will love you endlessly If you only believe me Don't you think like that I will love you for end If you only believe me
སེམས་ལ་དགའ་བའི་མེ་ཏོག་བཞད། ཁྱོད་ནི་མེ་ཏོག་པད་མ། སྙིང་ལ་དད་པའི་མེ་ལྕེ་མཆེད། དྲོད་ཀྱིས་བཀང་བའི་ཐབ་ཀ
སྙིང་སྡུག་མ། ཁྱོད་རང་གི་མིང་སྙན་པ། ང་ཡི་སེམས་ལ་བཞེངས་བསྡད་གདའ། <བཞེངས་བསྡད་གདའ།> ཐེངས་དུ་མ། དྲན་དབང་ལ་ལྡིང་ཡོང་བ། ཁྱོད་ཀྱི་མཛེས་ལ་དབྱིངས་ཚུད་གདའ། <དབྱིངས་ཚུད་གདའ།>
དགའ་བའི་འཛུམ་མོའི་ངོགས་སུ་ངེད་གཉིས་ཟོལ་མེད། ཁྱོད་རང་ང་དང་འགྲོགས་པ་འདི་ཡང་འཕྲུལ་མིན། ཁ་འཇམ་ཚིག་སྙན་ཁོ་ནས་ཁྱོད་རང་སྤྲུལ་མེད། ལུང་དང་རི་རབ་བརྒལ་བའི་རེ་བ་བཅོལ་ཡོད།