Music: Khampa学长
གསེར་བཟང་མཚོ་མོ་ལ་ཡེ།
ཚིག སོ་ནག་དབྱངས་སྙན།
དབྱངས། མགོན་པོ་དོན་འགྲུབ།
ལེན་མཁན། མགོན་པོ་དོན་འགྲུབ།
མཚོ་སྟོད་ངང་བའི་ཕ་ས།
མཚོ་སྨད་ཉ་མོའི་ཕ་ས།
གསེར་བཟང་མཚོ་མོ་ལ་ཡེ།
མཚོ་ནང་ནོར་བུ་འདྲ་བའི།།
ཞེ་སེམས་ཁྱོད་ལ་ཤོར་ཡོད།།
གསེར་བཟང་མཚོ་མོ་ལ་ཡེ།
གསེར་བཟང་མཚོ་མོ་ལ་ཡེ།
ཚེ་ལ་རིང་ཐུང་མེད་ན།
མཚོ་མགོ་སྐོར་ནས་སླེབས་ཆོག
ནམ་མཁའ་ཡུག་གཅིག་འདི་ལ།།
འཛོམས་པའི་ཉི་ཟླ་ཆ་གཅིག
གསེར་བཟང་མཚོ་མོ་ལ་ཡེ།
སྡེ་ཆེན་ཁ་ཞེང་ཆེ་ཡང་།།
འུ་གཉིས་ཆ་འགྲིག་བྱུང་ན།།
གསེར་བཟང་མཚོ་མོ་ལ་ཡེ།
གསེར་བཟང་མཚོ་མོ་ལ་ཡེ།
ལས་འཕྲོ་ལས་ཀྱིས་མཐུན་ན།།
སེམས་པས་གཡས་སྐོར་བརྒྱབ་ཆོག
རླུང་ཆེན་ཤུགས་ཀྱིས་ལྡིང་བས།།
མཚོ་མོ་རླབས་ཀྱིས་དཀྲུགས་སོང་།།
གསེར་བཟང་མཚོ་མོ་ལ་ཡེ།
བརྩེ་འཛུམ་བྱུ་རུ་རྡོག་གཅིག
གས་ཆག་མེད་ན་དགའ་བ།།
གསེར་བཟང་མཚོ་མོ་ལ་ཡེ།
གསེར་བཟང་མཚོ་མོ་ལ་ཡེ།
ཚེ་གཅིག་འཁོར་བའི་དར་ཐག
སྙིང་སྡུག་ཁྱེད་ལ་འཐེན་འདོད།།