Lyrics: RTDB Music: RTDB Arranger: RTDB RTDB ལོ་སར་ཚེས་གཅིག་དགའ་བའི་འཛུམ་གྱིས་བསུ། འདས་པའི་ལོ་ཟླའི་ཁྲོད་དུ་དགའ་སྐྱོ་མང་ནའང་། མི་རྟག་འཁོར་བ་འཇིག་རྟེན་ཆོས་ཉིད། སྐྱིད་སྡུག་ཆར་བ་ལྷབ་ལྷུབ་འབབ། མིག་ཟུང་རྒྱང་ཏུ་འཕེན་ནས་མདུན་དུ་འགྲོ སེམས་བཟང་བཅང་ནས་རྒྱུ་འབྲས་མཉམ་དུ་བསྐྱོད། ལོ་སར་སྨོན་འདུན་འདེབས། ཁྱིམ་མི་བདེ་སྐྱིད་ཡོང་། བླ་མའི་སྐུ་བསོད་རྒྱས། འཛམ་གླིང་ཞི་བདེ་ཤོག། ཚང་མ་ཕུན་སུམ་ཚོགས། བསམ་དོན་ཡིད་བཞིན་འགྲུབ། ཁྱེད་རང་ལོ་སར་བཟང་། ང་རང་ལོ་སར་བཟང་། དགའ་བའི་བྲོ་ཞིག་འཁྲབ། སྙན་པའི་གཞས་ཞིག་ལེན། ཁྱེད་རང་ལོ་སར་བཟང་། ང་རང་ལོ་སར་བཟང་། གནམ་ལོ་སར་བ་བཀྲིས། བཀྲིས་བདེ་ལེཊ་ཤོཊ། Luo sang བཀྲ་ཤེས་པའི་ཁ་གཡང་དེ་རང་འབོད། ཁྱིམ་མི་ལྷན་འཛོམ་ཡོང་བར་ཤོག གཞི་བྱིས་ལྷན་འཛོམ་ཡོང་བ་དང་། ཕུན་སུམ་ཚོགས་པའི་ཉི་མ་དེ་རང་བོ། ལོ་སར་འདི་ལ། གླུ་ཞིག་ལེན་དང་། བཀྲ་ཤེས་པའི་གླུ་ཞིག་ལེན། དོན་འགྲུབ་པའི་ཞབས་བྲོ་འཁྲབ་ལ་འོ HOOK: ཁྱེད་རང་ལོ་སར་བཟང་། ང་རང་ལོ་སར་བཟང་། དགའ་བའི་བྲོ་ཞིག་འཁྲབ། སྙན་པའི་གཞས་ཞིག་ལེན། ཁྱེད་རང་ལོ་སར་བཟང་། ང་རང་ལོ་སར་བཟང་། གནམ་ལོ་སར་བ་བཀྲིས། བཀྲིས་བདེ་ལེཊ་ཤོཊ། DoubleStar ---Suo Guo ལོ་སར་གླུ་ཡིས་བསུ། སྤྲོ་བ་དབྱངས་ལ་འགུག། གནམ་ལོ་གསར་བ་འདི། སྐྱིད་པའི་དཔལ་ལ་རོལ། བཀྲ་ཤིས་ཁ་གཡང་ང་ཡིས་འབོད། སྐྱིད་པའི་གླུ་ཆུང་ཁྱོད་ཀྱིས་ལོང་། གནམ་ལོ་གསར་བའི་ལོ་སར་བཀྲ་ཤིས་ཤོག། ཁ་བ་ཅན་གྱི་རླུང་རྟ་དར་བར་ཤོག། ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་ཤོག། དགའ་བའི་ལོ་སར་ང་ཚོའི་འཛུམ་གྱི་བསུ། གནམ་ལོ་གསར་བ་གླུ་ཡི་བསུ། ནས་ཆང་བདུད་རྩི་ཁྱོད་ཀྱིས་བཞིས་།