Arranger: B!TWO
࿑ བྱང་ཐང་།
Mixing: 王渊博
Recording: NocapGang Studio
封面:NoCapGang
Hook:
རྟ་མཆོག་ཡེ། ངའི་རྟ་མཆོག་རྒོད་པོ།
རླུང་རྟ་ཡི་རྟ་མཆོག ཤེས་རིག་གི་རྟ་མཆོག་ཡེ།
སྤང་སྔོ་མོའི་ཁྲོད་དུ་རྒྱང་རིང་ལ་ཆས་འགྲོ
རྟ་མཆོག་ཡ་རྟ་མཆོག བསམ་པའི་དོན་འགྲུབ།
ཆུ་སྔོན་མོ་བརྒལ་ནས་རང་ཡུལ་ལ་ལོག་ཡོང་།
རྟ་མཆོ་ཡ་རྟ་མཆོག བསམ་པའི་དོན་འགྲུབ།
རྟ་མཆོ་ཡ་རྟ་མཆོག བསམ་པའི་དོན་འགྲུབ།
Dardo:
ཨ་ཁུ་འབྲོག་པའི་འཚོ་བ་སྐྱིད།
ཨ་ཁུ་འབྲོག་པའི་སྣང་བ་སྐྱིད།
ཁ་བ་དཀར་པོ་འབབ་འབབ་འབབ།
སྦྲ་ནག་པོ་ཕུབ་ས་མུ་མེད་ཀྱི་རྩྭ་ཐང་།
རི་མགོ་ནས་ཀི་ཀི་ཀི
མཐའ་མི་གདའ་ཚད་མི་གདའ་གཞན་དག་ལས་བརྒལ་གདའ།
ངེད་ཅག་མོའི་ཟ་རྒྱུ་དེ་ཤ་མར་ཐུད་གསུམ་གཞན་དག་ལས་ལྷག་པ།
KN小布:
འུར་འུར་ངས་འུར་རྡོ་འཕེན།
ལུང་ཆེན་པོའི་ནང་ལ་ནོར་ལུག་འཚོ།
ལེན་ལེན་ངས་འབྲོག་གླུ་ལེན།
ཐང་ཆེན་པོ་བརྒལ་ནས་ས་མཐའ་འགྲོ
DhunNyi(བདུན་གཉིས།):
རྟ་དེ་འགྲོས་མ།
དུས་དེ་སོས་ཀ
ད་ངེད་ཁད་རྒྱུས་མ།
རྒྱུ་དེ་སྤུས་ཀ
མང་ཧོ་ཟིག་ལབ་བསྡད་ན་དེ་ར་ལུས་གདའ།
ནག་ཆུ་ཁ། ནག་ཆུ་ཁ།
ནག་ཆུ་ཁ་སྐར་ཚོགས་ཀྱི་ཁ་ངོ་ལ་གཏད།
ནག་ཆུ་ཁ། ནག་ཆུ་ཁ།
ནག་ཆུ་ཁ་མེ་ཏོག་གི་འདབ་མ་ལ་བཞད།
ནག་ཆུ་ཁ། ནག་ཆུ་ཁ།
གནམ་དང་ས་ཡི་འདྲེས་མཚམས་ན།
ནག་ཆུ་ཁ་སྤྲིན་དཀར་གྱིས་ལག་པ་འཇུ།
Hook:
རྟ་མཆོག་ཡེ། ངའི་རྟ་མཆོག་རྒོད་པོ།
རླུང་རྟ་ཡི་རྟ་མཆོག ཤེས་རིག་གི་རྟ་མཆོག་ཡེ།
སྤང་སྔོ་མོའི་ཁྲོད་དུ་རྒྱང་རིང་ལ་ཆས་འགྲོ
རྟ་མཆོག་ཡ་རྟ་མཆོག བསམ་པའི་དོན་འགྲུབ།
ཆུ་སྔོན་མོ་བརྒལ་ནས་རང་ཡུལ་ལ་ལོག་ཡོང་།
རྟ་མཆོ་ཡ་རྟ་མཆོག བསམ་པའི་དོན་འགྲུབ།
རྟ་མཆོ་ཡ་རྟ་མཆོག བསམ་པའི་དོན་འགྲུབ།
DhunNyi(བདུན་གཉིས།):
སྦྲ་ནག་ང་ཡི་ཁྱིམ་ཡིན་ཁྱིམ་སྒོ་རྩ་ཁྱི་བཏགས།
ཕ་ཡུལ་གྱི་མིང་དེ་འབོད།
རྩྭ་ཐང་ང་ཡི་ལམ་རེད་ལམ་ཟུར་ཀ་རི་མཐོ།
རྟ་དེ་ངའི་སྒོ་ལ་བརྟོད།
ངའི་ནག་ཆུ་ཁ། ངའི་དབྱར་རུ་ཁ།
ངའི་ཤ་ཉེ་ཅག་མོས་སྐད་ཆ་ཤོད་དུས་ཁ་རི་ཁ་ཐུག
ད་ལོ་དགུན་ངོ་ལ་གོང་རྒྱུ་དེ་ཚར་རུ་སྟོད་གོས།
བྱ་གོང་མོ་དེ་ཕོར་རུ་དགུ
སྲེག་པ་དེ་ཐུར་རུ་འཇིབ།
༼ནག་ཆུའི་གཏམ་དཔེ།༽
Dardo:
ཐང་དཀར་རྒོད་པོ་གནམ་ལ་ལྡིང་།
རྒྱལ་མོ་རྔུལ་ཆུ་ཁམས་ལ་འབབ།
དབྱར་རྩྭ་དགུན་འབུ་མང་སའི་ས།
ཕ་ཡུལ་ནག་ཆུ་ནོར་བུའི་ས།
KN小布:
ཨ་ཆེན་ཐང་གི་ཐང་སྟོད་ལ་སོང་ན།
ཕ་ཡུལ་ནག་ཆུ་ན་དམར་ཐང་རེད།
རི་མཐོ་པོ་གཉེན་ཆེན་ཐང་ལྷ།
མཚོ་ཆེན་པོ་གནམ་མཚོ་ཕྱུག་མོ།
Young Snow Lion:
འགྲོ་ལེ་འགྲོ་ལེ། རྩ་ཐང་སྟེང་ལ་རྟ་རྩལ་རྩེ་ལ་འགྲོ་ལེ།
ལེན་ལེ་ལེན་ལེ། གླུ་ཨ་ལ་ཐ་ལ་གེ་སར་རྒྱལ་པོ་ལེན་ལེ།
ཡུལ་རྩ་ཐང་ནས་ཡོང་བའི་བུ་ང་།
ཁོར་ཁོག་རྒྱ་མདའ་ཤོང་མདུང་ཤོང་།
སྨན་བུ་མོའི་མཛུམ་མདངས་ཀྱི་ཉམས་བཟང་།
ཁོར་རྒྱ་མཛོམས་ཁྲོམ་ནས་ངོམ་ཡོང་།
༼༢༠༢༦ལོའི་ནག་ཆུའི་ལོ་སར་མཚན་ཚོགས་གླུ་གཞས།༽