拉达克姑娘

Arranger: Hima ལ་དྭགས་ཡུལ་གྱི་མཛེས་པའི་ལ་བུ་མོ། ཐུགས་བྲེལ་ཚ་པོ་འདི་འདྲས་ཞིག་མ་གནང་། བཀའ་མོལ་གནང་ནས་ཁྱུག་ཙམ་ཞིག་བཞུགས་དང་། བཞུགས་ཟེ་ལད་......བཞུགས་ཟེ་ལད་......མ་གསུངས། ལུང་པ་ཆ་རྒྱུས་མེད་པའི་ཀྱི་མི་ལ། ཚིག་གསུམ་ཁ་ཏ་བསླབ་བྱ་གཅིག་གནང་རོགས། རང་ཡུལ་མེད་པའི་འཁྱམ་པོའི་མི་ལ། ཞག་གསུམ་གནས་ཚང་གཅིག་གནང་རོགས། ལ་དྭགས་ཡུལ་དེ་དེ་འདྲའི་ཅི་མཛེས་པ་ལ། དེ་ལས་མཛེས་པ་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ངེས་གཉིས་གཉེན་སྒྲིག་ཞིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ནི་ཕུལ་ཆོག ལ་དྭགས་ཡུལ་དེ་དེ་འདྲའི་ཅི་མཛེས་པ་ལ། དེ་ལས་མཛེས་པ་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ངེས་གཉིས་གཉེན་སྒྲིག་ཞིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ནི་ཕུལ་ཆོག ཨོའོ་...མཛེས་མ་མཛེས་མ་དེ་འདྲས་མ་གཟིགས། ཨོའོ་...ཞལ་འཛུམ་ཞལ་འཛུམ་དེ་འདྲས་མ་གནང་། ཨོའོ་....བུ་མོ་བུ་མོ་ང་འཁྲུལ་རུ་མ་བཅུག ཨོའོ་...བུ་མོ་བུ་མོ་ང་འཁྲུལ་རུ་མ་བཅུག ཡར་གིའི་དགོན་པར་མཇལ་ཁ་ལ་ཁྲིད་རོགས། ལ་རྩེར་ལྷ་གསོལ་གཏོང་ག་ལ་འགྲོ་རོགས། སྤགས་དང་མར་གཉིས་མཉམ་དུ་ལ་མཆོད་རོགས། ཉལ་ཁ་ལ་སྒྲུང་སྙན་པོ་གསུང་རོགས། གལ་ཏེ་ང་རང་གཉིད་ཅིག་ལ་ཁུག་ན། ངའི་འགྲམ་པར་བྱུག་བྱུག་ཞིག་གནང་རོགས། གལ་ཏེ་ང་ལ་སྔས་མགོ་ཅི་དགོས་ན། ཁྱེད་པང་དེ་སྔས་མགོ་ཞིག་གནང་རོགས། ལ་དྭགས་ཡུལ་དེ་དེ་འདྲའི་ཅིག་མཛེས་པ། དེ་ལས་མཛེས་པ་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ངེས་གཉིས་གཉེན་སྒྲིག་ཞིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ནི་ཕུལ་ཆོག ལ་དྭགས་ཡུལ་དེ་དེ་འདྲའི་ཅིག་མཛེས་པ། དེ་ལས་མཛེས་པ་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ངེས་གཉིས་གཉེན་སྒྲིག་ཞིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ནི་ཕུལ་ཆོག ཨོའོ་...མཛེས་མ་མཛེས་མ་དེ་འདྲས་མ་གཟིགས། ཨོའོ་...ཞལ་འཛུམ་ཞལ་འཛུམ་དེ་འདྲས་མ་གནང། ཨོའོ་...བུ་མོ་བུ་མོ་ང་འཁྲུལ་རུ་མ་བཅུག ཨོའོ་...བུ་མོ་བུ་མོ་ང་འཁྲུལ་རུ་མ་བཅུག