Temo

Lyrics: tenzin rabgye Music: tenzin rabgye ཞོགས་ཀར་བྱེ་ཐང་གི་སྒྲ་སྙན་ཁྱེར་བྱས་ གདན་གྱི་ལམ་ཁའི་སྒང་ལ་། ཨ་ཕས་གཞས་གཅིག་གརོང་དུས་། བུ་མོ་དེས་མཉམ་དུ་གཏོང་གི་། སྒལ་པར་སྦ་ཀྲི་གང་བག་ལེབ་ཁྱེར་བྱས་། ཁྲོམ་གྱི་ལམ་ཁའི་དཀྱིལ་ནས་། ཐག་པ་དེ་མགོ་ལ་བཏགས་བྱས་། རི་འདི་སྐོར་ར་བརྒྱག་བྱས་གཟིགས་། མ་ཟད་། རྨོ་རྨོ་ལགས་གླིང་སྐོར་ལ་སླེབས་བཞག་། ཐེག་མཆོག་ཀྱང་མཉམ་དུ་སླེབས་བཞག་། སེམས་བཟང་གི་ཞག་ཚི་ངར་མ་། དུ་བའི་ནང་ལ་མཉམ་དུ་ཐིམ་། ད་ཆར་ངས་མི་ཚེ་ག་ལེར་ག་ལེར་མཐོང་དུས་། ལྟད་མོ་འདིའི་དོན་དག་ངས་ག་ལེར་ག་ལེར་ཤེས་ཀྱི་། ངས་བརྗེད་མེད་། ཐབས་ཤེས་ཡང་སེ་ཡང་སེ་བྱས་ནས་། མི་ཚེ་འདེ་ལྟད་མོ་གཅིག་རེད་འདུག་བ་། ད་ངས་། སྒྲུང་རྙིང་པ་རི་གཏམ་ནང་བཤད་། མཐོང་བ་དེ་ཁྱོད་ལ་སྟོན་། ངས་འཁྲབ་འདོད་མེད་པའི་མི་ཚེ་འདི་ལྟད་མོ་གཅིག་རེད་། སང་ཉིན་ཉུང་རོ་ཉུང་རོ་འགྲོ་དུས་། སྐད་ཆ་ག་གལ་མ་སྦེད་། ངས་ལྟད་མོ་སྟོན་། རྡོག་རྡོག་། དེ་རིང་རང་རེད་འདུག་། ཁྱོང་དང་ང་གཉིས་མཉམ་དུ་། བྱུང་མྱོང་མེད་པའི་མི་ཚེའི་ལོ་རྒྱུས་སྙན་པོ་གཅིག་འབྲི་གོ་།