Lyrics: BigT
Music: BigT
Arranger: BigT
འཇིག་རྟེན་ནི་ཁྲ་ཁྲ་ཟིང་ཟིང་།
ཕ་ཡུལ་ཕ་སྐད་མི་དགོས་མདོག་མདོག
ཕ་ཡུལ་ཕ་སྐད་བྲོ་བ་སུ་ལ་ཡོད།
གང་དུ་སོང་ཡང་ཕ་སྐད་བརྗེད་མྱོང་མེད
ཕ་ཡུལ་གྱི་ལུགས་སྲོལ་དེ་དག་དོར་མྱོང་མེད།
ཕ་ཡུལ ཕ་སྐད
རྣམ་ཤེས་གསོན་པོ་ཁྱོད་ལ་འཁོར།
རུས་པ་དཀར་པོ་དེ་རུ་ལུས།
བརྗེད་མེད་ཀྱི་ཆུང་དུས་གི་ལོ་རྒྱུས་དེ་རུ་ཡོད།
མཁའ་དབུགས་གཙང་མ། ཕ་སྐད་གཙང་མ།
སྦྲང་དཀར་རྩམ་པ། གངས་ཆབ་གཙང་མ།
འབྲོང་ཤ། མྱི་སེམས
ཡོད་ཚད་དེ་ན་གདའ།
དེང་དུས་ཀྱི་སྤྱི་ཚོགས་ནི་ཁྲ་ཁྲ་ཟིང་ཟིང་།
མི་སེམས་ཁྲ་ཁྲ། ལས་རྒྱུ་ཁྲ་ཁྲ།
མཐུང་རྒྱུ་ཁྲ་ཁྲ། སྐད་ཆ་ཁྲ་ཁྲ།
བྱ་བ ཟ་རྒྱུ
གོ་རྒྱུ འགྲོ་རོགས
ཡོད་ཚད་ནི་ཡོད་ཚད་ཁྲ་ཁྲ་རེད།
དེང་དུས་ཀྱི་སློབ་གྲྭ་ཁག་ཅིག
ར་མ་ལུག་སྐད་བཤད་ལ་བདེ།
མདོ་དབུས་ཁམས་གསུམ་དབྱེ་ལ་དགའ།
ཕ་ཆོས་གཙང་མ་དོར་ལ་དགའ།
མེས་པོ་ཡི་ལོ་རྒྱུས་ཡོད་ཚད་དོར་ལ་དགའ།
དངོས་གནས་གདོང་ལ་པགས་པ་མེད་པའི་དེང་དུས་ཀྱི་ཁྱོད་ཚོ།
བཟང་ལ་བཟང་ལ་མི་ཤེས། ངན་ལ་ངན་ལན་མི་ཤེས།
ཨ་ཤང་ཚང་གི་ ལོ་རྒྱུས་ལ་ དགའ་མདོག་ཁ་ཕོ།
ཨ་ཤང་ཚང་ལ་དགའ་དགའ་མ་བྱེད།
མིག་གིས་འདས་ཟིན་གྱི་ལོ་རྒྱུས་ལྟོས།
རྣ་བས་རྒན་པོ་ཚོ་ཡི་སྐད་ཆ་ཉོན།
གཅིག་བྱས་ན། ཁྱེད་ཀྱི་ཨ་ཉེ་ཡང་ཉེ་ཡང་ཨ་ཤང་ཚང་གི་གྲི་འོག་ཚུབ་ཡོད།
མི་རིགས་ཀྱི་ལོ་རྒྱུས་མི་ཤེས། སྐད་ཡིག་གི་རིན་ཐང་མི་ཚོར།
ཕ་ཡུལ་གྱི་བྲོ་བ་མི་རྙེད། ཅི་ཡང་མེད་པའི་དེང་དུས་ཀྱི་ཁྱོད་ཚོ།
ཁ་དང་རྣམ་ཤེས། ཤ་དང་རུས་པ་ད་དུང་ཡོད་ན།
མི་རིགས་ཀྱི་ཆེད་དུ་ལས་ཀ་སྒྲུབས། བདེན་དོན་གྱི་ཆེད་དུ་སྐད་ཆ་ཤོད།
ཕ་ཡུལ་དང་ཕ་སྐད་མ་དོར།
ཤ་ཚ་བའི་མི་རྒྱུད་ཕྱི་མ་རྣམས་ལ་མེས་པོའི་སློབ་གསོ་གཏོང་།
སྒེར་གྱི་ཁེ་ཕན་ཆེད་དུ་མི་རིགས་མ་བཙོང་།
ཁ་ཟས་དོན་དུ་བོད་ཡིག་མ་བརྗེད།
མཛེས་མདོག་ཆེད་དུ་བོད་ལ་མ་དབྱུགས།
གནས་སྐབས་ཙམ་གྱིས་ཕ་ས་ཕ་ཡུལ་མ་དོར།
པན་ཆེན་མཆོག་གིས་གསུངས་ལས།
ཤ་ཚ་བའི་གཏམ་བླུན་པོས་བཤད་ཀྱང་གསེར་ཡིན་ཟེར།
གཞི་འཁྲུགས་པའི་གཏམ་མཁས་པས་བཤད་ཀྱང་དུག་ཡིན་ཟེར།
མིག་ཡོད་ན་ཡར་ལྟོས་དང་།
རྣ་ཡོད་སྐད་ཆ་ཉོན་དང་།
ལག་པ་ཡོད་ན་མྱོང་རོལ་བྱོས་དང་།
མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཤོར
མི་རིགས་ཀྱི་ཆེད་དུ་བདེན་དོན་རྩོད
རྗེས་ལུས་ཀྱི་རྣམ་པ་འམ་སྒྱུར་ན
ང་ཤི་ཡང་མིག་མི་བརྩུམས་ཟེར་ནས་ཕེབས་དགོས་ཐུགས་སོང་བ་དེ་སུ་རེད།
ཕུན་སུམ་ཚོགས་པའི་སྐད་ཡིག
ང་རོ་སྙན་པའི་སྐད་ཡིག
འདུན་ལམ་མི་འདུག་མ་གསུང་།
བཙལ་ནས་མེད་པ་ཨེ་རེད།
དབྱངས་གསལ་སུམ་ཅུ་སོ་བཞི
གངས་ཅན་བོད་ཀྱི་སྐད་རེད།
ཆོལ་གསུམ་སྐྱིད་སྡུག་གཅིག་རེད