莱艾汰驳-朦胧的彩虹(莱艾汰驳 remix)

Lyrics: Latedbo Music: allenvee ༼ འཇའ་ཚོན་མག་མོག ༽ ༡ རྨི་ལམ་གྱི་པང་ན་གཉིད་ལོག་པའི་བྱིས་པ་དེ། འུར་ཟིང་དང་བསླུ་བྲིད་ཀྱིས་དཀྲོགས་པར་བྱས། ད་དུང་འདོད་སྲེད་དང་གཡོ་ལྷད། ཧམ་སེམས་དང་གྲགས་འདོད། འདི་ལྟར་ཁོ་རང་རྨི་ལམ་ཞིམ་པོ་དེ་དང་རིམ་བཞིན་གྱེས་བྲལ་བྱ་དགོས་སོང་། གནའ་སྔ་མོ་ཞིག་ལ་ཁོ་རང་ཨ་མྱེས་དེའི་གཅེས་ཕྲུག་ཡིན། དབྱར་དགུན་ཇི་ལྟར་འཁོར་རུང་ཨ་མྱེས་དང་ལྷན་དུ་ཡོད་ལ། སྔ་དྲོ་རེ་རེར་ཁོས་ཀྱང་ཨ་མྱེས་ཀྱི་མལ་ཐུལ་ལྟེབ་སྲིད་ལ་ཁ་ལག་ཀྱང་བཀྲུ་རོགས་བྱས། དེ་ནི་ཉིན་གཅིག་གི་འཚོ་བ་ཡིན། དགོད་སྒྲ་ཡིན། སྐྱིད་ཀྱི་བྱིལ་བྱིལ་ཡིན། འོན་ཀྱང་།ཕྱིར་མིག་ཅིག་བལྟས་ན།ཨ་མྱེས་ཁོ་བོར་བྲལ་ནས་བགྲང་བྱ་བདུན་ལྷག་བཞུད་དོ།། ཡིན་མོད་ཁོའི་དྲན་འཛིན་ལ་ཕབ་པའི་རི་མོ་ནི་ཝ་ལེར་གསལ། ཉི་ནུབ་རེ་རེར་ཟ་མ་བསྐོལ་ཅིང་མལ་ལ་བཅུག ཞོགས་པ་རེ་རེར་མལ་ལས་བསླངས་ངེས། གང་ལྟར་བྱམས་བརྩེ་དང་བློ་སྤོབས་མངའ་བའི་ཨ་མྱེས་ཀྱིས་གནང་བ་ནི། སྟོབས་ཤུགས་དང་བློ་གྲོས་ལས་མ་འདས། ༢ ངའི་དྲན་པ་གཏོར། ངའི་དྲན་པ་གཏོར་བའི་མི། ཟླ་ག་ཙམ་ཞིག་འགོར་སོང་། ལོ་ག་ཙམ་ཞིག་འགོར་སོང་ནའང་། ངའི་མིག་ཆུ་གཏོར། ངའི་མིག་ཆུ་གཏོར་བའི་མི། ལོ་བདུན་བརྒྱད་ཙམ་གྱི་སྔོན། དབྱར་གཞུང་དེར་མེ་ཏོག་བཀྲ་ནའང་། གློ་བུར་དུ་ཆར་ནག་སིམ་སིམ་བབས་ནས། ངའི་ཡིད་ཀྱི་མེ་ཏོག་བཅོམ། མཛེས་སྡུག་གི་འཇའ་ཚོན་བསུབས། ངའི་ཡིད་ཀྱི་ནམ་མཁའ་འཐིབས། སྟོང་ལྷིང་ལྷིང་གཅིག་པུར་བསྡད་ཅིང་གར་འགྲོ་ནི་ཆ་མེད་རེད།