Yoetshoma_Jigme TG (feat. Dechen Peday)

Music: 民间 Lyrics: JIGME TG ད་ནངས་ནང་ནས་ཡོང་དུས། ཧོ~ལྷོ་ཡི་ལྷ་བྱ་དཀར་པོ། ཡ་རེ་ལོ~ ས་ཕྱོགས་གང་དུ་སོང་རུང་ཁྱེད་ཀྱི་ཞལ་རས་མཛེས། ཧོ~ལྷོ་ཡི་ལྷ་བྱ་དཀར་པོ། ཧོ~ང་ཡི་སེམས་ཀྱི་ནོར་བུ། མཚན་མོ་གཉིད་ལས་སད་དུས། ཧོ~བླ་མ་དུས་གསུམ་སངས་རྒྱས། ཡ་རེ་ལོ~ ཡུལ་གྱི་བར་ཆད་རིང་མོ། བུ་མོ་ངེད་ཚོ་མ་ཟེར། རྟ་ཕོ་ལ་ནི་སྟིང་ཀ་ཁྱེད་ཀྱིས་ཞལ་ཚུར་བསྟན་དང་། ཞལ་ཁང་རྩེ་ཡི་ལྷ་མོར། ཡིད་དབང་མེད་པར་ཤོར་སོང་། ཧོ~རྟ་ཕོ་རྟ་ནག་སྟིང་ཀ ཧ~ཞལ་ཁང་རྩེ་ཡི་ལྷ་མོ།
ནམ་མཁའི་བླ་མ་དཀོན་མཆོག ཐུགས་རྗེ་སྐྱབས་ཀྱིས་གཟིགས་ཏེ། མ་གཅིག་ལབ་ཀྱི་མཁྱེན་ནོ།། བདེ་སྐྱིད་ཕུན་སུམ་ཚོགས་ཤོག ཧ~ཐུགས་རྗེ་སྐྱབས་ཀྱི་གཟིགས་ཏེ། ཧ~མ་གཅིག་ལབ་ཀྱི་མཁྱེན་ནོ།།
ལྷ་ས་ནོར་བུ་གླིང་ཁ། མེ་ཏོག་སྟོང་གིས་བསྐོར་ཏེ། ཡ་རེ་ལོ~ མེ་ཏོག་ནང་དུ་བཞུགས་ཏེ། ཞལ་རས་ཟླ་བའི་དཀྱིལ་འཁོར། མི་ཚེ་ཕྱི་མ་མཇལ་བའི་རེ་བ་སྨོན་འདུན་བཏབས་ཏེ། གསེར་གྱི་ནོར་བུ་ལུང་བསྟན། ཡིག་ཚང་ནང་དུ་བབས་ཤོག ཧོ~ཞལ་རས་ཟླ་བའི་དཀྱིལ་འཁོར། ཧོ~ཡུལ་གྱི་བར་ཆད་རིང་མོ། ཧོ~གསེར་གྱི་ནོར་བུ་ལུང་བསྟན། ཧོ~ཡིག་ཚང་ནང་དུ་བབས་ཤོག