Lyrics: Cell
Music: Cell
《The revenant 》
Yeah B T A
Bronx To སྔགས་པ་གླིང་
སྒྲ་ གདངས་ དབྱིངས་ དབྱངས་
ཚིག་གི་ལོངས་སྤྱོད་
Cellགི་གཞས་མ་གཏམ་
Yeah གཅིག་ གཅིག་གཉིས་གསུམ་
Verse1:
རྙོག་དྲའི་སྒམ་ཆུང་གི་ཁེབས་འཇུས་དེ་ཁ་ཕྱེ་
སྡིག་པ་ཅན་ སྒང་ཁ་འདི་ནས་དབྱེ་བ་འབྱེད་
དགག་པ་དེ་ནས་སླབ་བྱ་སྟེར་
དག་ཆ་ འདི་ནས་ དར་ཆ་ ངའི་དར་ཆས་
ལྷག་པའི་ནང་གི་ངར་སྒྲ་ ཟོར་སྒྲ་མ་བརྒྱབ་
དེར་ཡ་རང་བཅུག་སའི་བཟོ་གྲྭ་ཡིན་ད་
སྡུག་སྐད་མ་བརྒྱབ་ ང་ཡོད་པ་བྱིན་རླབས་དང་ཐབས་
འུ་ཐུག་པའི་སྐབས་ གཞས་མ་གཏམ་གྱིས་ཚབ་བྱེད་
རང་གི་སྙིང་སྒང་ཁབ་བརྒྱབ་
འཁྲབ་དང་མ་འཁྲབ་འཁྲབ་རྗེས་
ཚིག་ཅད་འབབ་སྤྲད་
བསམ་བློའི་འགྲོ་སྟངས་ སྨྱུ་གུའི་འགྲོ་ལུགས་
འགྲོ་བ་རིགས་དྲུག་བྱེད་ཉན་མི་འདོད་ན་
བྲག་ཕུབ་ནང་ལ་བསྒོམ་འགྲུབ་
ཁ་ལ་བདག་པོ་མ་བརྒྱབ་གཟས་ཡོང་
གསེར་རྒྱུག་བསམ་པའི་དོན་འགྲུབ་
Cellཀྱི་མིང་དེ་ རང་ལ་ལེན་པོ་གལ་ཟེར་མིན་འདུག་
ཁྱེད་ཚོ་rappersརྟག་པར་ཁའི་ནང་གཤེ་གཤེ་
ཡིན་ནའི་སྤྱི་ཚོགས་དེར་ཡ་སྤྲད་མ་ཐུབ་པ་འཕེལ་རྒྱས་
དངུལ་ཁུག་སྲབ་པོ་དེར་བལྟ་ཙམ་བྱེད་ཁོ་རེ་
ཕ་མའི་སྐྲ་དཀར་ལ་བལྟ་ཙམ་བྱེད་ཁོ་རེ་
འདི་ལས་ལས་ཁུངས་ཞིག་འཚོལ་བྱེད་འཛུལ་
ཧྲ་ཏག་ཏག་ སྒལ་པའི་སྒང་ལ་སྡིག་པ་བུ་ལོན་
ཡང་བསྲང་བསྲང་ བཟོས་པ་ཡིན་ན་མགོ་ཡར་བཀྱགས་
བྱེད་འགྲོ་ཐུབ་མདོག་ཁཱ་
བོད་ལ་hip hopཀྱི་ས་ཆུ་མེད་པཱ་ ལྦ་ཡི་
གཉིད་ལམ་ག་རེ་གཏོང་གི་ཡོད་ མགོ་སྒུར་
འགྲུབ་འབྲས་ག་རེ་ཐོན་ཡག་འདུག་ ལོ་བཅུ་
ཕྱིན་ཚར་གཞག་ རང་ལས་གསུམ་ཅུར་ཟིམ་
ཕུགས་བསམ་ཞིག་དང་གཞག་རོགས་ ད་འཚོ་བའི་ནང་ལ་དིམ་
Hook:
འོད་ ཆུང་ ཆུང་སྦར་བསྡད་
མུན་བསལ་སྒྲོན་མེ་གཅིག་ཡིན་གྱ་མ་རེད་དེར་
དཀར་ཐིག་འཐེན་པའི་ཉི་མ་ནས་བྱེད་
Energyའདི་གང་དུ་སླེབས་
བསམ་བློ་གཏོང་མྱོང་ཡོད་པས་
Verse2:
༢ ༠ ༡ ༨ Shang Haiཀྱི་Arkhamནང་
J.I.Dཀྱི་showབལྟས་འདིང་ཆའི་སྒང་ལ་
མཉམ་དུ་འཁྲུག་པར་ཤོག་ཟེར་སྐད་བཏང་
ང་དང་rapperགཅིག་གི་རྒྱང་ཐག་འདི་ཙམ་
མེད་པའི་སྣང་བ་ ལས་ཀ་ནས་དོན་བྱུང་ནའི་མ་བྱུང་ནས་
བྱེད་པའི་བལྟ་བ་ ཆེད་སྒྲིག་ཆུང་ཆུང་གཉིས་
ངའི་ཡོད་ཚད་ཡིན་ 《Drift Bottle》guider
《To~E.T》ནང་cyber
གསེར་གྱི་སྐེ་ཁྲུག་གིས་བཤད་མ་ཐུབ་པ་
སེམས་ཀྱི་སྐྱིད་སྡུག་ མ་འོངས་པའི་སྐོར་བཤད་དུས་
ཧ་གོ་མཁན་གལ་ཟེར་མིན་འདུག་eh
དེ་ག་རང་ངའི་ཁ་སུག་ལོག་སྟངས་འདི་བསམ་ཚུལ་ནང་དང་ཆ་
མ་རྩ་གང་རག་ཡག་ཆེད་དུ་འཁྲབ་པ་སྤྲིའུ་ནས་ཕག་པ་
མང་ཆེ་ལ་དགོས་ཡག་འདི་འདར་སྐད་ནང་འབར་ཐུབ་པའི་ཁ་གཅིག་
Who cares if you are Artist
དེ་བས་ཡིན་ད་ཡིན་ངས་སེམས་ཤུགས་ཆག་པའི་དུས་
འཐུང་པའི་ཆང་རག་དང་ག་ས་ག་ལ་གཏོར་པའི་དངུལ་
རྒྱུ་རྐྱེན་འདི་ཚོ་སྦས་གསང་མེད་བྲོས་ཐབས་མེད་
ང་ལས་སྐྱག་རྐུབ་ཀྱི་དུས་སྐབས་དེའི་ནང་དེ་བས་
སུ་སོའི་གཏིང་ངོ་ཤེས་
དགེ་གཅིག་དང་སྐྱོན་རྒྱ་ལྟོས་དང་
Van Goghསྒྱུ་རྩལ་འཁྱེར་བྱེད་ཚོན་བཏང་
གྱང་མཐོ་པོ་དེར་ཡ་རྡུང་མཁན་ཡིན་པའམ་གཡོལ་གམ་
Get up Cellཟེར་གུས་པའི་མིང་ནས་འབོད་དང་
Nobody ཟུར་ལ་ས་དེར་
རྩྭ་སྐྱེས་ཀྱི་མ་རེད་ཟེར་ལབ་མཁན་ཤ་དག་
ཡིན་ནའང་དཔའ་བློ་ཁོག་མེད་ན་
ཁྲ་རོག་རོག་ག་དུས་ཆག་ཡག་
ངའི་Hustle ག་དུས་ཞི་ནས་ཁ་དྲོ་
དེར་ཡང་ལན་གཅིག་ཡིན་གཅིག་མིན་གཅིག་
དགོས་ཡོད་ད་ཨེ་དྲོ་ (བལྟ་བར་འགྲོ་)
སྨྱུ་གུ་ ཤོག་བུ་ ཟིན་བྲིས་དེབ་ཀྱི་དྲི་མ་
སྐད་ཆ་ རྩུབ་པོ་ ལུའུ་ཞུན་ ལྟ་བུའི་མི་སྣ་
རིན་ཐང་ རིན་ཐང་
སྨྱུ་གུ་ ཤོག་བུ་ ཟིན་བྲིས་དེབ་ཀྱི་དྲི་མ་
སྐད་ཆ་ རྩུབ་པོ་ ལུའུ་ཞུན་ ལྟ་བུའི་མི་སྣ
རིན་ཐང་ རིན་ཐང་
ང་གོས་ནག་པོ་གྱོན་ཡག་དགའ་རུ་ཕྱིན་
མིང་གྲགས་ལ་འདོད་རྔམ་ སྐྱེ་ཡག་དམའ་རུ་ཕྱིན་
ཕིང་དྲུག་དང་ཟླ་དཀར་
བདམས་ཁ་སུ་སོའི་ལག་པར་
འདི་ནི་འགྲིག་དང་ནོར་
ཁར་ཐུག་དབྱེ་བ་འབྱེད་མ་ཐུབ་
བག་ཐུག་ཞིམ་པ་ཆག་ཡག་ཕྱུར་བ་རེད་ལ་ཕུག་
གཞས་འདི་མི་སྒང་གས་
གོ་བའི་ཟམ་པ་རྙེད་མ་བྱུང་
ཡིན་ནའི་ངས་རྩིས་ག་རེ་བརྒྱབ་པ་
ཁྱེད་ཚོས་གྲངས་ཁ་འཐིག་མ་སོང་
Hook:
འོད་ ཆུང་ ཆུང་སྦར་བསྡད་
མུན་བསལ་སྒྲོན་མེ་གཅིག་ཡིན་གྱ་མ་རེད་དེར་
དཀར་ཐིག་འཐེན་པའི་ཉི་མ་ནས་བྱེད་
Energyའདི་གང་དུ་སླེབས་
བསམ་བློ་གཏོང་མྱོང་ཡོད་པས་
Mixing and Mastering:Rainbow T
Beat Maker:Eee.T