Lyrics: 藏堂 Music: 藏堂 Arranger: 藏堂 Producer: Yeshi Nagpang ཉི་མ་རིའི་རྩེ་ལ་ཤར་བཞག ཉི་མ། ནུབ་ཁའི་ཉི་མ། ཉི་མ་ཤར་ཤག ཉི་མ་རིའི་རྩེ་ལ་ཤར་བཞག ཉི་མ། ནུབ་ཁའི་ཉི་མ། ཉི་མ་ཤར་ཤག Nagpang རྩེ་ཕོ་བྲང་པོ་ཏ་ལ། མཇལ་པ་དང་སེམས་པ་དགའ། ཕ་བོང་ཁ། བོད་ཡིག་ཡིག་ཕུད་ཕུལ་ས་གནས་མཆོག་དེ། ནོར་བུ་འདྲ། ཉི་མ་འདྲ། ཁྱེད་ང་ཚོའི་སེམས་ཀྱི་དག་པོ་འདྲ། སྤྱན་རས་གཟིགས་སྤྱན་གྱིས་གཟིགས། འོད་དཔག་མེད་འོད་ཀྱིས་གཟིགས། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བྱམས་ཀྱིས་གཟིགས། བྱམས་ཀྱིས་གཟིགས། གནམ་སྟེངས་ཀྱི་བྱ་དང་རྐང་༼ས༽འོག་གི་འབུ། ལས་བསགས་པའི་རྒྱུ་བཟང་ངན་༼དབྱེ་བ༽མེད་པ། ནམ་ཡང་ཁྱེད་རང་གི་བུ། རེ་བ་དེ་བདེ་བ། བརྩེ་བ་དེ་གཙོ་བོ། སྐྱེ་བ་དང་འཆི་བ། འཁོར་བ་ན་འཁོར། མི་ཚེ་དེ་ཐུང་ཐུང་། མེ་ལྕེ་དེ་ཆུང་ཆུང་། Gyange ང་ཚོ་ཆ་རེད། ཤ་མར་ཐུད་གསུམ་བཟའ་རེད། ཆོས་ལུགས་ཆ་རེད། ནང་པ་སངས་རྒྱས་པའི་ཆོས་རེད། སེམས་བཟང་པོ་རེད། ཁ་ནས་མ་ཎི་འདྲེན་རེད། སེམས་གངས་རི་དཀར་པོ་འདྲ་རེད། གདོང་དམར་བ་གནས་ས་ཁ་བ་དཀར་པོ། དད་ལྡན་པ།  གོས་དམར་བ་ཁྱབ་ས། གོ་ལ་ཧྲིལ་པོར་བྱམས་བརྩེ་བ། གསོལ་ལོ་གསོལ་ལོ། གསངས་གསོལ་ལོ། བརྒྱ་ལོ་བརྒྱ་ལོ་ལྷ་རྒྱལ་ལོ། Nagpang ཉི་མ་རིའི་རྩེ་ལ་ཤར་བཞག ཉི་མ། ནུབ་ཁའི་ཉི་མ། ཉི་མ་ཤར་ཤག Yeshi དྲིན་ཆེན་ཕ་མ་བརྗེད་མེད། ཕ་ས་ཕ་ཡུལ་བཞག་མེད། མཐོ་སྒང་གི་བརྩེ་བ་དེ་ལོ་མང་ཕྱིན་ཡང་འགྱུར་མེད། རྟ་བཞོན་ལུག་འཚོ། ང་འབྲོག་པ་མི་ཡི་འཚོ་བ། ནམ་ཡང་བརྗེད་མི་སྲིད་པ། ཁོང་གིས་གསུངས་པའི་བསླབ་བྱ། དགའ་བའི་ལས་ཀ་བྱེད། ང་ཚོ་དཀའ་ལས་མ་ཁག བདེན་པའི་ལྟ་བ་ཛིན། གཞན་གྱི་ཁ་ལ་མ་བལྟ། མ་བརྗེད་པ་བྱེད། སྐྱེས་ས་མཐོ་སྒང་གི་ས་ཆ། རྒྱུ་འབྲས་ཡོད་པའི་མི་ང་། བོད་པ་ཚང་གི་རྒྱུད་པ། AKA壁虎 ང་ཡི་བརྩེ་བ་ནམ་ཡང་འགྱུར་མེད། ཁ་བ་གངས་ཅན་ཡུལ་ལ། རི་བོའི་རྩེ་ཡི་འོད་ཟེར་འཕྲོད་སོང་། ཕ་ས་ཕ་ཡུལ་འདི་ལ། ང་ཡོང་ས་སྟོད་མངའ་རིས་སྐོར་གསུམ། ཞང་ཞུང་དང་བོད་ཀྱི་མེས་པོ་ཚང་མ་ལ་ཕྱག་གསུམ། སྨོན་ལམ་གསུམ། རྒན་རབས་ཀྱི་བསླབ་བྱ། ང་ཚོ་ཡི་ཤེས་བྱ། མི་ཚེ་ཡི་སྐད་བརྡ། ཞི་བདེ་ཡི་ས་ཕྱོགས། ལྷ་ལྡན་གྱི་གནས་མཆོག ས་གོ་ལ་ཡི་རྒྱན་ཆ། Nagpang ཉི་མ་རིའི་རྩེ་ལ་ཤར་བཞག ཉི་མ། ནུབ་ཁའི་ཉི་མ། ཉི་མ་ཤར་ཤག Lhasa kid ང་ཚོར་སྐད་དང་ཡི་གེ་ཡོད་པ་མེས་པོས་བཞག་པའི་དྲིན་ཡིན། འདི་ལ་རྒྱུད་འཛིན་གཅེས་སྐྱོང་བྱེད་ཡས་ང་ཚོའི་འགན་ཡིན། ང་ཚོ་ཕན་ཚུན་བརྩི་བཀུར་ཡོད་ན་དགའ་ལ། ཞེ་སྡང་། ཕྲག་དོག ང་རྒྱལ་སྒོ་ནས་ཕན་ཚུན་གསོད་རེས་ཤ་ཚ། ངས་ད་བར་བརྗེད་མེད། ཁོང་གིས་གསུངས་པ་ཐམས་བཅད། གནམ་སྟེང་གི་ཉི་མ་ནང་བཞིན་ང་ཚོའི་སེམས་པ་དེ་དྲོད། ངའི་བརྩེ་བ་ལ་ལྷད་མེད། ཁྱེད་རང་སེམས་ནས་བརྗེད་མེད། ས་ཕྱོགས་ག་པར་ཡོད་ནའི་ང་ཚོ་བོད་རིགས་ཀྱི་མིང་དེ་འཛད་མེད། AKBhaizha ང་ཚོའི་གཤིས་རྒྱུད་མདའ་ལས་དྲང་། ང་ཚོའི་རེ་བ་ཆ་ལ་བཅང་། སེམས་པ་དཀར་པོ་ཡོད། གདོང་པ་དམར་པོ་ཡོད། ཞོགས་པ་སྔ་པོ་ལངས་དུས། མ་ཎི་ཁ་ལ་ཡོད། ཁྱོད་ངེད་གཉིས་ཕྱག་འཚལ་ནས་སྨོན་ལམ་རྒྱག་མཁན་ཆ་རེད། བདེ་བ་དང་ཁ་བྲལ་ནས་རྒྱུ་འབྲས་སྲུང་མཁན་ཆ་རེད། ཁྱོད་ངེད་གཉིས་དབྱེ་བ་མེད་སེམས་དང་སེམས་མཐུན་པ་ཆ་རེད། ལྷ་རེད། Lhapa Tsering སྤོ་ལགས་དང་རྨོ་ལགས་ཀྱི་གོམས་གཤིས་ང་ཚོའི་སེམས་ལ་འཇགས། རྒྱང་རིང་ནས་ཕོ་བྲང་མཇལ་དུས་ཐལ་མོ་སྙིང་ཁར་སྦྱར། ཁོང་གཉིས་ཀྱི་རེ་བ། ཞི་བདེ་དང་བདེ་བ། ལྷད་མེད་ཀྱི་དད་པ། ཚེ་འདི་ཕྱི་གཉིས་ཀྱི་རྩ་བ། འཛམ་བུ་གླིང་འདིར་ཞི་བདེའི་སྨོན་ལམ་ཡོངས་སུ་ཁྱབ་པ་ཤོག སེམས་ཅན་ཐམས་ཅད་བྱམས་བརྩེའི་འོད་དང་བདེ་སྐྱིད་འཕྲོད་པར་ཤོག སྐྱེ་བ་ཕྱི་མ་མི་ལུས་རིན་ཆེན་ཐོབ་པ་ཤོག ཁ་བའི་བུ་ཕྲུག་ཤེས་རབ་ལྡན་པ་ཤོག Nagpang ཉི་མ་རིའི་རྩེ་ལ་ཤར་བཞག ཉི་མ། ནུབ་ཁའི་ཉི་མ། ཉི་མ་ཤར་ཤག ཉི་མ་རིའི་རྩེ་ལ་ཤར་བཞག ཉི་མ། ནུབ་ཁའི་ཉི་མ། ཉི་མ་ཤར་ཤག Gyaneg ནུབ་ཁའི་ཉི་མ་རི་ལ་ཤར་དུས་ཁུ་སིམ་སིམ། ཉི་མའི་འོད་ཟེར་མིག་ལ་ཕོག་དུས་འོད་ཆེམ་ཆེམ། མདངས་སིབ་སིབ། ངའི་སེམས་སྐྱིད་སྐྱིད། ལྷ་སའི་བར་སྐོར་སྐོར་རའི་ལམ་ལ་ཆར་སིམ་སིམ།