Real

Lyrics: TMJ Music: TMJ
Recording后期:旦旦 封面:萨埵鬼手 翻译:Mr.Durwood ༼ངོ་མ།༽
༼ ༡ ༽ གཏམ་ལ་ཉོན་གཞས་ལ་གསོན། རྣ་བ་གཞན་ལ་མ་གཡེང་ཚུར་ལ་ཕྱོགས། བསམ་བློ་ཕྱི་ལ་མ་འཁོར་དོན་ལ་སོམ། ཕ་བཟང་མ་བཟང་ཁྱོད་སྟོབས་ང་སྡུག་གི་ཁ་ཡག་ལུང་བ་གང་བཤད་ནས་ ད་དུང་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་མི་ཤེས། བཤད་ན་གོ་བརྡ་མི་འཕྲོད། རྗེས་ལུས་རེད་ཅེས་བརྗོད་ན་ཁྲོ། ལག་ཤེས་མེད་ཅིང་བསྟོད་ན་དགའ། ནང་ཆོས་དད་ཀྱང་མི་ཆོས་བོར། རང་ཚུགས་མེད་ཅིང་རང་ཉིད་བོར འདི་འདྲ་རེད་ཅེས་བརྗོད་ན་མིན་ཟེར་ནས་མགོ་ཡན་ནས་ལག་བརྡ་བྱེད་དེ་མི་འཐུད་དུ་རང་མགོ་རང་གི་གཡོག་ནས་ འགྲོ་བཞིན་ འདུག་བཞིན་ Of course I am tooཤ་ཉེ། ནང་ཁུལ་དུ་ཕྲག་དོག་ཤིན་ཏུ་ཆེ་ཞིང་ནང་དམེ་བྱེད་དགོ་ན་ཐེ་ཚོམ་སྤུ་ཙམ་ཡང་མེད་པར། སྐེ་ཐོག་ཏུ་གྲི་འཇོག་ཐུབ། མགོ་ཐོག་དུ་རྡོག་ཞག་ཐུབ། སེམས་བཟང་ཞིག་བཅང་མི་ཐུབ། That's who we are ལྐོག་གྱུར་ལ་ཡིད་ཆེས་ཀྱང་དངོས་ཡོད་ལ་དོགས་པ་ཟ། ཉོག་གཏམ་ལ་ཉན་འདོད་ཀྱང་གནས་ལུག་ལ་ཐེ་ཚོམ་ཟ། real ཤེས་རིག་རྨོང་བའི་ཁོར་ཡུག་འདི་དང་འདྲ་བ་ཡིན་ན། ། ཤེས་ཚད་གཞན་གྱི་རྗེས་སུ་འབྲང་ནས་མུ་མཐུད་རྒྱུག་ན། ། ཤེས་ཡོན་རིག་པ་མ་སྦྱང་རྒྱུན་དུ་རྗེས་སུ་ལྷག་ན། ། ཤེས་ལྡན་མི་ཡི་གྲལ་དུ་ནམ་ཡང་ཚུད་པ་མ་རེད། ། ༼ ༢ ༽ Some people མགོ་མཇུག་བར་གསུམ་གྱི་ངོ་བོའི་གནས་ཚུལ་ལ་དོ་སྣང་མི་བྱེད་པར། རང་སྲོག་རང་གིས་བཅད་ན་དགག་ཁ། གཞན་སྲོག་གཞན་གྱིས་བཅད་ན་བུ་རྒོད། ཞེས་ཟེར་བས་ཁྱོད་ལ་འདི་འདྲའི་བུ་རྒོད་ཞིག་དང་འཕྲད་ནས་དེ་འདྲའི་དགག་ཁ་ཞིག་ཡོང་བར་ཤོག ཕྱིའི་དགྲ་བོ་རིག་ན་ Buddha bless you ནང་སྤུན་ཟླ་རིག་ན་ devil curses you ཁྱོད་ཅན་པོ་རིག་ན་ traitor F *sexyou✖️3 next གསོན་ཡོད་དུས་བླ་ཙག་རྐང་འདྲེན། ཤི་ཚར་དུས་སྟོབས་རབས་ངར་རབས། འདི་ནི་ང་ཚོའི་ཐུན་མོང་གི་འགྲོ་སྟངས་ཤིག མ་ཚད་ཆོས་འཇིག་རྟེན་གཉིས་ཀྱི་ཕྱོགས་ནས་ཅུང་ཙམ་རེ་ ཧ་གོ་བ་དང་སློབ་སྦྱོང་བྱེད་མཁན། མཛད་རྗེས་ཡོད་མཁན། བསམ་བློ་གཏོང་མཁན་རེ་ཡོད་ན་ རྒྱབ་སྐྱོར་དང་མིག་ལྟོས་བྱེད་རྒྱུ་ཕར་ཞོག ་དེ་ལ་ངན་སྨྲས་བྱེད་མཁན་དགག་པ་རྒྱག་མཁན་མཐུང་ཆུང་བྱེད་མཁན་དག་དག་རེད། འདི་ལྟར་སོང་ན་འདི་ལྟར་འཇིག་འགྲོ་བ་ཆོས་ཉིད་རེད། ཤེས་རིག་རྨོང་བའི་ཁོར་ཡུག་འདི་དང་འདྲ་བ་ཡིན་ན། ། ཤེས་ཚད་གཞན་གྱི་རྗེས་སུ་འབྲང་ནས་མུ་མཐུད་རྒྱུག་ན། ། ཤེས་ཡོན་རིག་པ་མ་སྦྱང་རྒྱུན་དུ་རྗེས་སུ་ལྷག་ན། ། ཤེས་ལྡན་མི་ཡི་གྲལ་དུ་ནམ་ཡང་ཚུད་པ་མ་རེད། ། ༼ ༣ ༽ བོད་ཀྱི་Rapperབོད་སྐད་མི་ཤེས། བོད་ཀྱི་གླུ་བའི་བོད་གླུ་མི་ལེན། ABCDགླུ་རུ་ལེན་གི bpmfཁ་ནས་བཤད་གི ཀ་ཁ་ག་ང་བློ་ན་མེད་གི f****དབང་མེད་དུ་བརྗོད་ཤོར་སོང་། དཀྱིལ་མཛུག་དབང་མེད་དུ་བལྟན་ཤོར་སོང་། ཁ་ཏ་བ་ངོ་ནག གཡེར་མ་བ་སོ་དཀར། ཤེས་རིག་རྨོང་བའི་ཁོར་ཡུག་འདི་དང་འདྲ་བ་ཡིན་ན། ། ཤེས་ཚད་གཞན་གྱི་རྗེས་སུ་འབྲང་ནས་མུ་མཐུད་རྒྱུག་ན། ། ཤེས་ཡོན་རིག་པ་མ་སྦྱང་རྒྱུན་དུ་རྗེས་སུ་ལྷག་ན། ། ཤེས་ལྡན་མི་ཡི་གྲལ་དུ་ནམ་ཡང་ཚུད་པ་མ་རེད། ། One more time ཉོག་གཏམ་ལ་ཉན་འདོད་ཀྱང་གནས་ལུག་ལ་ཐེ་ཚོམ་ཟ། ལྐོག་གྱུར་ལ་ཡིད་ཆེས་ཀྱང་དངོས་ཡོད་ལ་དོགས་པ་ཟ། Double real