Lyrics: 康巴瓦Kangbawa/Daavaa
Music: 康巴瓦Kangbawa/Daavaa
Arranger: CCTOP
Mixing: 赵和尚/给力先生
Dava:
ལེགས་སོ།
འདི་ནི་མཐོ་སྒང་ནས་ཡོང་བའི་སྤུན་ཟླ་གཉིས། ཚང་མས་གཟབ་གཟབ་བྱོས།
མིག་ལ་འཚེར་བའི་རྡོ་རྗེ་ཕ་ལམ་ཡིན།ཡིད་མི་ཆེས་ན་ཡུན་གྱིས་ལྟོས།
འོད་ཆེམ་ཆེམ་དུ་འཕྲོ་བ།གཟི་བརྗིད་ལྡན་པའི་གདོང་དམར་བོད་པ།
འོད་ཆེམ་ཆེམ་དུ་འཕྲོ་བ།དུས་རབས་གསར་བའི་གདོང་དམར་བོད་པ།
མཉམ་ཞོག་ཚིག་བཙན་པོ་ཡང་སྤུན་ཟླ་གཉིས་ཀྱི་ཁ་ནང་ནས་ཤོར་འགྱོ་ན་ཐང།
འདོད་ཆགས་དང་ཞེ་སྡང་གཏི་མུག་སྦང་ཆོག་ན་ཡོད་ཚད་ངས་ཆང་ནང་དུ་སྦང་།
མགོ་ཐོག་ན་དཀོམ་མཆོག་གསུམ།རྒྱུ་འབྲས་དེ་སྔར་ལས་སེམས་ལ་བཟུང་།
ཧ་གོ་ན་བཟང་། མི་གོ་ན་རྒན་ལ་འདྲི་གི་སོང་།
གདོང་དམར་པོ ང་རང་བོད་པ་ཡིན།
སེམས་དཀར་པོ དུང་གི་འོ་མ་ཡིན།
སྟག་ཤ་ར དགོས་ནོ་སྤོབས་པ་ཡིན།
དངོས་སུ་ཚོར་བ ཚང་མ་ངོ་མ་ཡིན།
康巴瓦kangbawa:
རྩ་ཐང་བརྒལ་ནས་གྲོང་ཁྱེར།
ཕ་ཡུལ་རི་ཆུ་དྲན་འདུག
མཚན་མོ་འདིའི་ཆར་བ་ཟིམ་ཟིམ།གླུ་དབྱངས་སྙན་མོ་ཅིག་འབྲི།
མདའ་གྲི་མདུང་གསུམ་ ལོ་ཟླ་འགའ། རྟ་མཆོག་ཁྲི་ཕྲག་ རྨིག་སྒྲ་བསྐྱལ།
འདས་ཟིན་དུས་ཚོད་ཕྱིར་ལྡོག་མེད་ཀྱང་འོད་འཚེར་དཔར་རྟགས་འདས་མི་སྲིད།
བསོ
མཐོ་སྒང་འོ་་གདོང་མ་བ་
དཔའ་རྩལ་ལྡན་པ་མ་ཟད་གཟི་བརྗིད་སྣང་།
༼ཝ༽ཧ་ཧ་ཧ།བོ་འོ་འོ།
རྩ་ཐང་དང་རི་ཀླུང་
མི་ཡུལ་འདི་ལ་མཚར་སྡུག་གཏམ་རྒྱུད་ཅིག་བྲི་རོགས་འོ།
ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ།
ལ་ཆེན་པོ་གྲུ་གུ་རྒོལ་རྒོལ།
ཆུ་ཆེན་པོ་རྟ་རྔ་གཅོད་གཅོད།
མེ་ཆེན་པོ་སེ་གོལ་གཏོགས་གཏོགས།
བཤད་བུ་ཆུང་ཁ་བདེ།
འཇག་རྩྭ་ཞྭ་མགོ་བདེ།
ཕོ་དང་ཕོ་ཡི་འགྲན་བསྡུར་ངོ་ཐུག་ངོ་།
རྩ་ཐང་བརྒལ་ནས་གྲོང་ཁྱེར།
ཕ་ཡུལ་རི་ཆུ་དྲན་འདུག
མཚན་མོ་འདིའི་ཆར་བ་ཟིམ་ཟིམ།གླུ་དབྱངས་སྙན་མོ་ཅིག་འབྲི།
བཤད་བུ་ཆུང་ཁ་བདེ།
འཇག་རྩྭ་ཞྭ་མགོ་བདེ།
ཕོ་དང་ཕོ་ཡི་འགྲན་བསྡུར་ངོ་ཐུག་ངོ་།