Lyrics: 无
Music: 无
Arranger: 无
ཨོམ། བསོད་བརྟན།
འཛམ་གླིང་ཕན་བདེ་བཀྲུན་པའི་རོལ་མོ་དུངས།
ཨེ་མ་ཁ་བ་ཅན་གྱི།།
ཡིད་མཐུན་སྙིང་གི་གྲོགས་པོ།།
གངས་རིའི་བུ་ཕྲུག་ཁྱོད་ཀྱི།།
གངས་སེང་སེམས་ནས་མ་བརྗེད།།
གངས་རིའི་བུ་ཕྲུག་ཁྱོད་ཀྱི།།
གངས་སེང་སེམས་ནས་མ་བརྗེད།།
ཡ་་་་
མཛེས་བའི་སུ་གངས་ལྗོངས་ཡུལ་འདི།
དུས་རབས་གསར་གྱི་ཕེབས་བྱུང་།
བོད་མི་ཁྱོད་ཚོ་ཁྲི་ཚོ་མང་པོས།
འཚོ་བའི་ཆུ་ཚད་འཕེལ་བྱུང་།
འོན་ཀྱང་ང་ཡི་མཐོང་ལམ།
ན་ཆུང་མི་སྣ་ཁ་ཤས།
ཤེས་བྱ་རིག་གནས་མ་བརྩོན།
མ་རབས་ལུས་ལ་བརྒྱུད་འགྲོ
འོན་ཀྱང་ང་ཡི་མཐོང་ལམ།
ན་ཆུང་མི་སྣ་ཁ་ཤས།
ཤེས་བྱ་རིག་གནས་མ་བརྩོན།
མ་རབས་ལུས་ལ་བརྒྱུད་འགྲོ
ཡ་་་་་
ལ་རྒྱ་ལ་རྒྱ་ཟེར་བ།
ཁྱོད་ཀྱི་འུ་ཤེས་མ་ཤེས།
ང་ཡིས་ཁྱོད་ལ་བཤད།
ཁ་ནས་བཤད་ཀྱང་ལ་རྒྱ་ཟེར་བ་མིན།
ལ་རྒྱ་བརྟག་ཏུ་འཛིན་པ་སླ་མོ་མིན།
རང་རིགས་རིག་པ་སྐྱོང་མཁན་ལ་རྒྱ་ཟེར།
ཕ་ས་སྨུག་པོ་སྐྱོང་མཁན་ལ་རྒྱ་ཡིན།
མ་དང་སྒྱུ་མཁན་མ་བྱེད་ལ་རྒྱ་ཟེར།
ལ་རྒྱའི་རིན་ཐང་འདི་ལ་ཐོབ་པ་ཡིན།
རང་མགོ་རང་གཡོག་བྱེད་མཁན་སུ་རེད།
ཁྱོད་རེ་མོ་རེ་ང་རེ།
མ་རེ་ཁོ་རེ་དོན་མེད་ཉེར་བསྐྱོད་བྱེད་མཁན་རེ།
མེས་པོས་རེ་བ་ཆུས་ཟོས་སུ་གཏོང་མཁན་རེ།
ཇ་ཁང་དང་སློབ་ཁང་ནང་ནས་འདུག་མཁན་རེ།
ཕ་མའི་རེ་བ་རྔུལ་ཁྲག་ནང་ནས་བརླག་མཁན་རེ།
དེ་དག་ཚོ་ཐམས་ཅད་རང་མགོ་རང་གཡོག་རེ།
སོས་་་་་་་་་་་་་་་་་་་་་སོས་་་་་་་་་་་་་་་་་་་་་་་སོས།
དེར་བརྟེན་ང་ཡི་སྤུན་ཟླ་ཤེས་བྱ་རིག་གནས་བརྩོན་རོགས།
མི་རིགས་ལ་རྒྱ་སྐྱོང་རོགས
དུས་ཀྱི་རིན་ཐང་ཟེར་བ་ལ་མི་ཚེའི་རིན་ཐང་ཟེར་བ།
དོན་མེད་འཕྲོ་བརླག་མ་གཏོང་།
དོན་མེད་འཕྲོ་བརླག་མ་གཏོང་།
དོན་མེད་འཕྲོ་བརླག་མ་གཏོང་།
ལས་རྒྱུ་མེད་པའི་ལས་བྱེད་ཁ་ཤས།
འགན་འཁྲིའི་ལས་ལ་མ་བརྩོན།
ཉིན་དང་མཚན་མོ་མགོ་སྔ་བརྗེས་ནས།
ཆང་དང་ཤོ་ལ་མགོ་འཁོར།
དུས་ཀྱི་རིན་ཐང་ཟེར་བ།
མི་ཚེའི་རིན་ཐང་ཟེར་བ།
ཁོང་རྣམས་ཡིད་ལ་མི་འདུག
དེ་འདྲ་སེམས་ནས་སྐྱོ་བ།
དུས་ཀྱི་རིན་ཐང་ཟེར་བ།
མི་ཚེའི་རིན་ཐང་ཟེར་བ།
ཁོང་རྣམས་ཡིད་ལ་མི་འདུག
དེ་འདྲ་སེམས་ནས་སྐྱོ་བ།
ཡ་་་་
ལ་རྒྱ་ལ་རྒྱ་ཟེར་བ།
ཁྱོད་ཀྱི་འུ་ཤེས་མ་ཤེས།
ང་ཡིས་ཁྱོད་ལ་བཤད།
ཁ་ནས་བཤད་ཀྱང་ལ་རྒྱ་ཟེར་བ་མིན།
ལ་རྒྱ་བརྟག་ཏུ་འཛིན་པ་སླ་མོ་མིན།
རང་རིགས་རིག་པ་སྐྱོང་མཁན་ལ་རྒྱ་ཟེར།
ཕ་ས་སྨུག་པོ་སྐྱོང་མཁན་ལ་རྒྱ་ཡིན།
མ་དང་སྒྱུ་མཁན་མ་བྱེད་ལ་རྒྱ་ཟེར།
ལ་རྒྱའི་རིན་ཐང་འདི་ལ་ཐོབ་པ་ཡིན།
རང་མགོ་རང་གཡོག་བྱེད་མཁན་སུ་རེད།
ཁྱོད་རེ་མོ་རེ་ང་རེ།
མ་རེ་ཁོ་རེ་དོན་མེད་ཉེར་བསྐྱོད་བྱེད་མཁན་རེ།
མེས་པོས་རེ་བ་ཆུས་ཟོས་སུ་གཏོང་མཁན་རེ།
རྒྱལ་ཁང་དང་སློབ་ཁང་ནང་ནས་འདུག་མཁན་རེ།
ཕ་མའི་རེ་བ་རྔུལ་ཁྲག་ནང་ནས་བརླག་མཁན་རེ།
དེ་དག་ཚོ་ཐམས་ཅད་རང་མགོ་རང་གཡོག་རེ།
སོས་་་་་་་་་་་་་་་་་་་་་སོས་་་་་་་་་་་་་་་་་་་་་་་སོས།
དེ་སྟེ་ང་ཡི་སྤུན་ཟླ་ཤེས་བྱ་རིག་གནས་བརྩོན་རོགས།
མི་རིགས་ལ་རྒྱ་སྐྱོང་རོགས
དུས་ཀྱི་རིན་ཐང་ཟེར་བ་ལ་མི་ཚེའི་རིན་ཐང་ཟེར་བ།
དོན་མེད་འཕྲོ་བརླག་མ་གཏོང་།
དོན་མེད་འཕྲོ་བརླག་མ་གཏོང་།
སོས་་་་་་་་་་་་་་་་་་་་་སོས་་་་་་་་་་་་་་་་་་་་་་་སོས།
དེ་སྟེ་ང་ཡི་སྤུན་ཟླ་ཤེས་བྱ་རིག་གནས་བརྩོན་རོགས།
མི་རིགས་ལ་རྒྱ་སྐྱོང་རོགས
དུས་ཀྱི་རིན་ཐང་ཟེར་བ་ལ་མི་ཚེའི་རིན་ཐང་ཟེར་བ།
དོན་མེད་འཕྲོ་བརླག་མ་གཏོང་།
དོན་མེད་འཕྲོ་བརླག་མ་གཏོང་།