阿佳卓姆

ཨ་ཅེ་འབྲོག་མོ། ཚིག  སྨན་བླ་སྐྱབས། གདངས། ཆོས་རྒྱལ་མཚོ། བསྐྱར་ལེན། ཀུན་བཟང་མཚོ་སྐྱིད།
ཨ་ཅེ་འབྲོག་མོ་ལོ་ལོ། ཡ་ཆུང་སེམས་པ་མ་སྡུག ། བཅུ་དྲུག་ལང་ཚོའི་མེ་ཏོག ། སུ་ཡིས་སྙིང་ལ་བཞད་སོང་།། མིག་ཟུང་ཁྲ་མོའི་སྒྲིལ་མཚམས།། ས་ཕྱོགས་གང་ལ་ཤོར་སོང་།། ཁྱོད་ཀྱི་སེམས་ལ་བཅུག་པའི་གསང་བ།། མིག་ཆུའི་ནང་ནས་ལྷུང་སོང་།། ཨ་ཅེ་འབྲོག་མོ། ནམ་ཟླ་དགུན་ལ་མ་ཐོན།། ཨ་ཅེ་འབྲོག་མོ། སེམས་ལ་ཁ་བ་བབས་སོང་།། ཨ་ཅེ་འབྲོག་མོ། དེ་རིང་ཁྱོད་གནས་ལ་འགྲོ་དགོས།། ཨ་ཅེ་འབྲོག་མོ། ཡ་ཆུང་སེམས་པ་མ་སྡུག །
ཨ་ཅེ་འབྲོག་མོ་ལོ་ལོ། ཡ་ཆུང་སེམས་པ་མ་སྡུག ། ཚིག་གསུམ་དར་གྱི་མདུད་པ།། སུ་ཡིས་སྙིང་ལ་བཞད་སོང་།། མིག་ཟུང་ཁྲ་མོའི་སྒྲིལ་མཚམས།། ས་ཕྱོགས་གང་ལ་ཤོར་སོང་།། ཁྱོད་ཀྱི་སེམས་ལ་བཅུག་པའི་གསང་བ།། མིག་ཆུའི་ནང་ནས་ལྷུང་སོང་།། ཨ་ཅེ་འབྲོག་མོ། ནམ་ཟླ་དགུན་ལ་མ་ཐོན།། ཨ་ཅེ་འབྲོག་མོ། སེམས་ལ་ཁ་བ་བབས་སོང་།། ཨ་ཅེ་འབྲོག་མོ། དེ་རིང་ཁྱོད་གནས་ལ་འགྲོ་དགོས།། ཨ་ཅེ་འབྲོག་མོ། ཡ་ཆུང་སེམས་པ་མ་སྡུག ། ཨ་ཅེ་འབྲོག་མོ། ཡ་ཆུང་སེམས་པ་མ་སྡུག ། ཡ་ཆུང་སེམས་པ་མ་སྡུག །