Lyrics: ZB-YinG
Music: ZB-YinG
Song song song
ཚིག:ZB-YinG
དབྱངས:ZB-YinG
ང་ཡི་སེམས་ཀྱི་བུ་མོ་དེ་གཞན་རྗེས་འབྲང་ནས་བུད་སོང་།
ང་ཡི་སེམས་ཀྱི་བུ་མོ་དེ་གཞན་གྱི་བརྩེ་བའི་བསླུས་སོང་།
ང་ཡི་སེམས་ཀྱི་བུ་མོ་དེ་གཞན་ཡུལ་འགྲིམ་ནས་བུད་སོང་།
ང་ཡི་སེམས་ཀྱི་བུ་མོ་དེ་མྱ་ངམ་ཐང་ན་གཡུག་སོང་།
སོང་སོང་སོང་སོང་སོང་་་་
ཆང་དྲི་འཐུལ་བའི་གསར་བུ་དེ་ཚོའི་རྗེས་ཐེད་ལ་སོང་།
ངའི་རང་སེམས་ཀྱི་བརྩེ་བ་དྭངས་མ་དེ་རྙེད་ཡོད་དུས།
བསླུ་བྲིད་དང་མགོ་སྐོར་ཐེབས་ཡོད་པའི་ཁྱོད།
ཁ་ཕྱིར་འཁོར་ནས་ཐོན་མ་ཡོང་།
སོང་སོང་སོང་སོང་སོང་་་་
དམིགས་ཡུལ་མེད་པའི་མགོ་སྟོང་དེ་ཚོའི་རུམ་སྙེག་ལ་སོང་།
ངའི་རྨི་ལམ་གྱི་གཤོག་ཟུང་མཁའ་རུ་བརྐྱང་ཡོད་དུས།
གཞན་ལག་གི་རྩེད་ཆས་དང་གད་སྙིག་བྱེད་མྱོང་བའི་ཁྱོད།
ཁ་ཕྱིར་འཁོར་ནས་ཐོན་མ་ཡོང་།
སོང་སོང་སོང་སོང་སོང་་་་
ཁྱེད་ཀྱི་གྲོང་ཁྱེར་གྱི་རྒྱ་ལམ་བསྙེག་ལ་སོང་།
གྲོང་གསེབ་ཀྱི་རྐང་ལམ་ཐེད་ལ་སོང་།
གནས་ལུགས་དང་བདེན་དོན་བོར་བའི་མི་ཚོགས་དེ་ང་ལ་དགོས་དོན་མེད།
བརྩེ་དུང་དང་རང་ཚུགས་བྲལ་བའི་བུད་མེད་ཁྱེད་ཚོ་ང་ལ་མཁོ་དོན་མེད།
མཁོ་དོན་མེད་་་་མཁོ་དོན་མེད།
མཁོ་དོན་མེད་ཀྱི་གད་སྙིག་དེ་དག
དགོས་དོན་མེད་་་དགོས་དོན་མེད།
དགོས་མེད་ཀྱི་ཅ་ལག་དེ་དག
ང་ལ་དགོས་དོན་མེད་་་་་སོང་སོང་སོང་སོང་སོང་་་་
རི་བོ་འདིའི་ཕ་རྒྱབ་ཏུ་ངོ་ཚ་མེད་པའི་གཏམ་རྒྱུད་དེ་ཁྱེར་ལ་སོང་།
རྒྱ་མཚོ་འདིའི་ཕ་རོལ་ཏུ་ཁྲེལ་གཞུང་མེད་པའི་ལོ་ཟླ་དེ་ཁུར་ལ་སོང་།
གཏན་ནས་གཏན་དུ་ཐོན་རྒྱུ་མེད་པའི་ཡུལ་དེར་སོང་ལ་ཕྱིར་མ་འཁོར།
ཡུན་ནས་ཡུན་དུ་སྡོད་ས་མེད་པའི་ལམ་དེར་ཞུག་ལ་ཕྱིར་མ་ལྡོག
ཁ་སང་གི་སྐད་ཆ་དེ་དག་དེ་རིང་ཡིད་ཀྱི་ཆོ་འཕྲུལ་ལྟར་དུ་འདུག
དེ་རིང་བྱ་སྤྱོད་དེ་དག་སད་ཉིན་ཡིད་ཀྱི་གདུང་བ་ཉིད་དུ་འདུག
རྫུན་འཁྲབ་ཀྱི་ལོ་ཟླ་དེ་དག་་་་གཡོ་སྒྱུ་ཡི་ལྐོག་མིག་དེ་དག
ང་ལ་དགོས་དོན་མེད་་་་ང་ལ་མཁོ་དོན་མེད།
ཨ་རོགས་བུ་མོ་girl
ཨ་རོགས་བུ་མོ་girl
ཁྱོད་སོང་ལ་ཁ་ཕྱིར་མ་ལྡོགroll roll roll
སང་ཉིན་་་་་་་སང་ཉིན་་་
སང་ཉིན་ང་རིང་ཉི་འོད་བཞིན་དུ་མཁའ་རུ་འཚེར་དུས།
སང་ཉིན་་་་་་་སང་ཉིན་་་
སང་ཉིན་ང་རིང་ཟླ་འོད་བཞིན་དུ་དགུང་ལ་ཚེས་དུས།
ཁྱོད་ཀྱི་གཡོ་སྒྱུས་ཁེངས་བའི་མིག་ཟུང་དེ་ལ་ང་རང་རློམ་པ་མེད།
ཁྱོད་ཀྱི་བརྩེ་སེམས་ཀྱི་བྲལ་བའི་འཆལ་གཏམ་དེ་ལ་ང་རང་དགའ་བོ་མེད།
ཁྱོད་བུད་ལ་སོང་་་་་་་་་་་roll roll roll