Lyrics: Cell
Music: Cell
Arranger: 6one Beats
ང་ནི་གཞས་མ་གཏམ་གྱི་བློན་ཆེན་
མགར་སྟོང་བཙན་
ངས་ག་རེ་མཐོང་ཚད་ཚང་མ་
ག་རེ་བཤད་བཤད་
རྒྱལ་བ་བྱམས་པས་ཆུ་ཤོས་
ཀྱི་མ་རེད་མར་མེ་མཛད་
ང་ནི་punchline ཀྱི་
ལམ་སྟོན་མཁན་དང་སྒམ་ཕྱེ་མཁན་
ངའི་ཡིག་ཚད་སྒང་གི་སྐར་མ་མ་བལྟ་མ་བཞིན་
ཡང་ངས་བཟང་པོ་གསུམ་ལྡན་
ཉ་མོས་ཆུ་རྐལ་བརྒལ་བ་ནང་བཞིན་
ག་འདྲ་ཟེར་ལེན་ལེན་རེད་
གནམ་ས་མགོ་སྟེང་ལོག་པའི་ཚིག་
ངོ་མཚར་ཅན་དེ་ཚོ་དོན་ས་ངའི་ལྕེ་ལེབ་རེད་
ངས་ལྕེ་ལེབ་སྒང་ལ་གྲི་བཏགས་
གྲི་དེའི་མིང་ལ་Hip Hop
ངས་འབྲེག་པའི་Cigarརང་གི་Um ahལས་
གང་སྤྱིའི་ཐད་ནས་སྦོམ་པ་
ལྟོས་ཞིག་ ཚིག་ཚ་པོ་འཁྱེར་
ཚིག་ཚ་པོ་འཁྱེར་བྱེད་མིག་ཚ་པོར་སྟེར་
མིག་ཚ་པོ་བྱེད་དགོས་མ་རེད་ འཕིར་ཚ་ལོ་བྱེད་
ང་ཆུ་ཀ་ལ་མིན་ང་ཚིག་ཀ་ལ་ཡིན་
ཁག་གཅིག་གིས་ང་ལ་Rhyme
དེ་འདྲ་མང་པོ་མ་རྒྱབ་ཟེར་གྱིས་ (Hell no)
ཁག་གཅིག་གིས་ཡང་དེར་ཧང་
ར་ཞིག་སངས་བྱེད་བརྡ་ཁྱབ་བྱེད་ཀྱིས་(Hell no)
ཡག་ནའི་སྡུག་ནའི་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ང་མུ་ཏིག་ཆག་པའི་རྒྱུ་མཚན་
ཡག་ནའི་སྡུག་ནའི་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ང་མུ་ཏིག་ཆག་པའི་རྒྱུ་མཚན་
གནམ་རྟ་སྐར་མདའི་མུར་མཛོག་
གནམ་རྟ་སྐར་མདའི་མུར་མཛོག་
Sample
Sample
Sample
Sample
Sample
Sample
Sample
Sample
ངས་སྟབས་བདེའི་ཁང་པའི་ནང་ལ་
སྟབས་བདེའི་ཐུག་པ་ཟས་བྱེད་
སྟབས་མ་བདེ་བའི་གཞས་བཏོན་
ག་དུས་གཞི་ནས་ང་དང་ང་འདྲ་བའི་
གྲོགས་པོ་ལྷན་རྒྱས་རྣམ་པ་
Rap Starགྱི་ཆས་གོན་
ཁ་ཤས་ཀྱིས་བྱུང་སོང་ན་
དཔའ་སྐྱེས་མ་བྱེད་ལགས་
ཤ་ཚའི་སྙིང་གཏམ་འཁྲབ་པའི་སྐད་དོན་
འདི་ད་སྒྲུབ་ནའི་མ་བསྒྲུབ་ནའི་ལས་
སྒྱུ་རྩལ་བ་དངོས་འབྲེལ་གཅིག་གིས་
སྨྱུག་གུ་བཞག་གི་མ་ཏེད་ཤེས་སོང་ངམ་
ང་རྙོག་དྲ་བྲོ་དུས་སྐབས་རེ་རོགས་པར་
སེམས་མ་སྐྱིད་པ་འཁྲབ་ཀྱི་ཡོད་
ཁོ་ཚོའི་མདུན་ལ་དམག་སྤྱི་ཆེན་མོའི་
དམག་ཆས་འདི་མར་འབབ་ཀྱི་ཡོད་
སེམས་ཁྲལ་བྱེད་དགོས་མེད་
ལྷ་སར་ཉི་འོད་མེད་པར་བསྡད་སྲིད་ཀྱི་མ་རེད་
ཡང་བསྐྱར་ངས་གར་སྟེགས་སྒང་ལ་
འཛེགས་དུས་༨༢ལོ་ཡི་Lafite
དྲི་ཞིམ་བྲོ་ཞིམ་བཅུད་ལྡན་
དེ་ཚོ་བཤད་དགོས་ཡག་མེད་པ་
མཐོང་མྱོང་མེད་པའིUFOགཅིག་
སའི་གོ་ལར་སླེབས་པ་
གཞས་གད་སྙིག་མང་དྲག་
ཨམ་ལྕོག་རྣག་རྒྱབ་པའི་གནད་ཁོ་རང་འཁེལ་བ་
ཁྱིས་བཟས་པའི་ཟླ་དཀར་དེ་ངས་མར་
སྐྱུག་ཅུག་དགོས་ཨ་ you
དཔྲལ་དཀར་བ་དཔྲལ་དཀར་བ་
ཡག་ནའི་སྡུག་ནའི་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ང་མུ་ཏིག་ཆག་པའི་རྒྱུ་མཚན་
ཡག་ནའི་སྡུག་ནའི་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ངའི་སྨུག་ཐིག་སྐྲངས་པའི་མུ་མན་
ང་མུ་ཏིག་ཆག་པའི་རྒྱུ་མཚན་
གནམ་རྟ་སྐར་མདའི་མུར་མཛོག་
གནམ་རྟ་སྐར་མདའི་མུར་མཛོག་
Beat Maker:6one Beats
Mix and mastering:Cell