Soenam Che

Lyrics: tenzin rabgye Music: tenzin rabgye བསོད་ནམས་ཆེ། Soenam che གཞས་པ། བསྟན་འཛིན་རབ་རྒྱས། rytha ཁྱད་མཚར་པོ་མིའི་མི་ཚེ། ག་དུས་གང་འབྱུང་ཡོང་མ་ཤེས། ཐེངས་དང་པོར་ཁྱེད་མེད་པའི་སྟོང་པ་དེ་ཚོར་དུས་སྐབས་ལས་དྲན། རླུང་གྲང་མོ་རིའི་རྩེ་ནས། གཙང་པོའི་ཁའི་མཉམ་ཐུག་ནས། ང་རི་མཐའི་གདོང་སྒང་ལ་གཅིག་ཕོག་དུས་ཡང་སྐྱར་སེམས་ནང་དྲན། ཡིན་ནའང་ངས་ཁྱེད་ནམ་ཡང་བརྗེད་པ་མེད། ཚིག་ཁ་ཤས་ལས་ཁྱེད་ངའི་སེམས་གར་ཤེས། ཁྱེད་མཉམ་བསྐྱེལ་བའི་དུས་ཚོད་རྐང་རེ་རེ། ངའི་མིག་བཙུམས་པ་དང་མཐོང་། ང་དེ་རིང་ཡང་སྐྱར་ གཉིད་གཅིག་སད་པར་དངོས་གནས་བསོད་ནམས་ཆེན་པོ་རེད་ཤག དཀོན་མཆོག་མཁྱེན། ད་རིང་གང་ཞིག་འབྱུང་ཡང་། གདོང་ལེན་བྱེད་བྱས་མི་ཚེ་མདུན་བསྐྱོད་་བྱེད་རྒྱུ་རེད་ཤག དཀོན་མཆོག་མཁྱེན། ང་དེ་རིང་ཡང་སྐྱར་ གཉིད་གཅིག་སད་པར་དངོས་གནས་བསོད་ནམས་ཆེན་པོ་རེད་ཤག དཀོན་མཆོག་མཁྱེན། ད་རིང་གང་ཞིག་འབྱུང་ཡང་། གདོང་ལེན་བྱེད་བྱས་མི་ཚེ་མདུན་བསྐྱོད་་བྱེད་རྒྱུ་རེད་ཤག དཀོན་མཆོག་མཁྱེན། ད་ནས་ཟུང་ཏེ་ལམ་དེ་གང་འདྲ་ཡོད་ནས་བློ་ཁོག་ཆེ་སེ་གཅིག་འཁྱེར་བྱས། རྨུག་པས་ག་ཚོད་བཏུམ་ནའང་དེའི་རྗེས་གནམ་ལ་ཉི་མ་ཤར་བསྡད་ཡོད་པ། མ་བརྗེད། གང་བྱས་རང་གི་མྱོང་བྱས་ཚོར་བྱས་སྦྱང་རྒྱུ་ཡིན་པས། གཙོ་བོ་སེམས་དེ་ལྷོད་ལྷོད་བྱས་ནས་སྡོད། ང་དེ་རིང་ཡང་སྐྱར་ གཉིད་གཅིག་སད་པར་དངོས་གནས་བསོད་ནམས་ཆེན་པོ་རེད་ཤག དཀོན་མཆོག་མཁྱེན། ད་རིང་གང་ཞིག་འབྱུང་ཡང་། གདོང་ལེན་བྱེད་བྱས་མི་ཚེ་མདུན་བསྐྱོད་་བྱེད་རྒྱུ་རེད་ཤག དཀོན་མཆོག་མཁྱེན། ང་དེ་རིང་ཡང་སྐྱར་ གཉིད་གཅིག་སད་པར། དངོས་གནས་བསོད་ནམས་ཆེན་པོ་རེད་ཤག དཀོན་མཆོག་མཁྱེན། ད་རིང་གང་ཞིག་འབྱུང་ཡང་། གདོང་ལེན་བྱེད་བྱས་མི་ཚེ་མདུན་བསྐྱོད་་བྱེད་རྒྱུ་རེད་ཤག དཀོན་མཆོག་མཁྱེན། Thanks 4 listening….. Uploaded by Lhatul