贡曲加《牧羊人的呼唤》

Lyrics: Aive14 Music: Aive14 Arranger: Aive14 དུས་ཚོད་རིང་པོ་མི་འདུག། མི་ཚེའི་ཕྱེད་ཀ་ཚར་ཐལ། སྒུག་པའི་ཁོམ་ལོང་མི་འདུག། ཉི་མ་སྲོད་ལ་བབས་ཐལ། ཁྱོད་ཡོང་གི་ན་ཨེ་ཡོད་ན་ཆུང་མ། ན་གཞུང་མེ་ཏོག་རྙིད་པ། ཁྱོད་ཀྱིས་ཚོར་བ་ཨེ་བྱུང་། ལུག་རྫིའི་ཕྱིང་དཀར་རུལ་བ། ཁྱོད་ཀྱིས་ཐོས་པ་ཨེ་བྱུང་ན་ཆུང་མ། འདུག་རོགས་གྲོགས་མི་འདུག། ཁྱིམ་མཚེས་གྲོང་ལ་བབས་ཐལ། འདུག་རྒྱུའི་ཆོད་སེམས་མི་འདུག། སྤང་ལྗོངས་བྱེ་མེས་བརླགས་ཐལ། ཁྱོད་ཡོང་གིན་ཨེ་ཡོད་ན་ཆུང་མ། འབྲོག་ལ་ཁངས་ཆག་ལྷུང་བ། ཁྱོད་ཀྱིས་ཐོས་པ་ཨེ་བྱུང་ན་ཆུང་མ། ལུག་རྫི་ནམ་མཁའི་སྐར་མ། འཚོ་རོགས་མེད་ན་སྐྱོ་བ་ན་ཆུང་མ།