Nying Jay Wala

Music: Tenzin Dawa Lyrics: Tenzin Dawa སྙིང་རྗེ་བ་ལ། གཞས་པ་:ཨོ་ལོ། གདངས་:ཕྱི་རྒྱལ་གྱི་ཉམས་འགྱུར། ཚིག་:ཨོ་ལོ། སྒྲ་ལེན་ལས་འཇུག་:ལྷག་པ་བསམ་གྲུབ། པར་ལེན་:པདྨ། གཞས་ཚིག་བསྒྲིགས་མཁན་:རིན་སྤུངས་བསམ་གྲུབ། ང་ཡི་བརྩེ་བའི་ཡིད་འཕྲོག། ཨ་ཙི་ཐུགས་སེམས་སྐྱོ་ནས་མ་བཞུགས། ཨོ་ལོས་ཁྱེད་ལ་བྲིས་པའི་། སེམས་པའི་ནང་གི་གཞས་འདི་གསན། སྦྲང་རྩི་ལྟ་བུའི་སྙིང་གཏམ། ཁྱེད་ལ་བཞུ་འདོད་ཡོད་། ལུས་ངག་ཡིད་ཀྱི་བརྩེ་བ། སེམས་པ་གཙང་མས་ཁྱེད་ལ་ཕུལ་ཆོག། སྙིང་རྗེ་བ་ལ།  སྙིང་རྗེ་བ་ལ། ཁྱེད་རང་བཞད་མོ་བཞད་དུས་སྙིང་རྗེ་བ་ལ། མཛེས་པ་ལ་ དེ་འདྲའི་མཛེས་པ་ལ། ཨོ་ལོའི་སེམས་པ་ཁྱེད་ཀྱི་ཕྱོགས་ལ་ཤོར་། དངོས་ནས་བུ་མོ་ཁྱེད་ཀྱི་གཤིས་བཟང་དེ་། ཨྰ་ པྰ་པྰ་ པྰ་པྰ་ པྰ་པྰ་ པྰ། དྲིན་ཆེ་བའི་དགུན་ཁའི་ཉི་མའི་འོད་ཟེར་འདྲ་། ངའི་འཁྱགས་བསྡད་པའི་སེམས་ཅི་འདའ་ཚ་སོབ་སོབ། དངོས་ནས་བུ་མོ་ཁྱེད་ཀྱི་གཤིས་བཟང་དེ་། ཨྰ་ པྰ་པྰ་ པྰ་པྰ་ པྰ་པྰ་ པྰ། དྲིན་ཆེ་བའི་དགུན་ཁའི་ཉི་མའི་འོད་ཟེར་འདྲ་། ངའི་འཁྱགས་བསྡད་པའི་སེམས་ཅི་འདའ་ཚ་སོབ་སོབ། འཁྱགས་བསྡད་པའི་སེམས་ཅི་འདའ་ཚ་སོབ་སོབ། འཁྱགས་བསྡད་པའི་སེམས་ཅི་འདའ་ཚ་སོབ་སོབ། Baby girl ཁྱེད་ནི་དམིགས་བསལ་གཞན་དང་མི་འདྲ་བའི་རྣམ་འགྱུར་དེ་ད་ག་ར་པོའི་ཡིད་དབང་འཕྲོག་པ་ལ། ཐུག་པ་དང་པོའི་བཞག་པའི་དམིགས་བསལ་གྱི་ཚོར་སྣང་དེ། བརྗེད་པ་མི་འདུག་སེམས་པའི་ནང་ལ་རི་མོ་བྲིས་ནས་ཡོད། ངས་བཤད་འདས་པའི་སེམས་ཀྱི་སྙིང་གཏམ་ཁྱེད་སེམས་བཀུག་པའི་ནུས་པ་མེད་ནའི། དྲང་པོ་དྲང་བཞག་བཤད་སེམས་པའི་ནང་ལ་འགྱོད་པ་གང་ཡང་མེད། ལབ་སྙིང་འདོད་པའི་སྐད་ཆ་འདི་ལ་གདངས་དང་དབྱངས་ཀྱི་གཞས་གཅིག་བྲིས་བྱས་ཁྱེད་ཀྱི་ཐུགས་ཀྱི་སྒོ་ལྕགས་ཕྱེས་པའི་ལྡེ་མིག་ཡོང་པ་ཤོག། སྙིང་རྗེ་བ་ལ།  སྙིང་རྗེ་བ་ལ། ཁྱེད་རང་བཞད་མོ་བཞད་དུས་སྙིང་རྗེ་བ་ལ། མཛེས་པ་ལ་ དེ་འདྲའི་མཛེས་པ་ལ། ཨོ་ལོའི་སེམས་པ་ཁྱེད་ཀྱི་ཕྱོགས་ལ་ཤོར་། དངོས་ནས་བུ་མོ་ཁྱེད་ཀྱི་གཤིས་བཟང་དེ་། ཨྰ་ པྰ་པྰ་ པྰ་པྰ་ པྰ་པྰ་ པྰ། དྲིན་ཆེ་བའི་དགུན་ཁའི་ཉི་མའི་འོད་ཟེར་འདྲ་། ངའི་འཁྱགས་བསྡད་པའི་སེམས་ཅི་འདའ་ཚ་སོབ་སོབ། དངོས་ནས་བུ་མོ་ཁྱེད་ཀྱི་གཤིས་བཟང་དེ་། ཨྰ་ པྰ་པྰ་ པྰ་པྰ་ པྰ་པྰ་ པྰ། དྲིན་ཆེ་བའི་དགུན་ཁའི་ཉི་མའི་འོད་ཟེར་འདྲ་། ངའི་འཁྱགས་བསྡད་པའི་སེམས་ཅི་འདའ་ཚ་སོབ་སོབ། ངས་དུས་འདི་རེ་སྒུག་ཟླ་བ་མང་པོ། ལས་ཀྱི་མཁྱེན་བཞག་དོན་དངོས་ནང་ནས་ཁྱེད་རང་མཇལ་བ་འཁྲུལ་སྣང་མིན་པ་ར་སྤྲོད། ཤ་ཚ་བའི་བུ་མོ་ཁྱེད་རང་བུ་ངས་བསྐོས་པའི་་ལས་ལ་ཡོད་ན། གསུངས་སྙན་པའི་ལན་གཅིག་སྐྱོན་པས་རེ་བ་ཡོད། བསམ་པའི་མི་ལ་རྒྱབ་པའི་རེ་བ་ལུགས་དང་མཐུན་པའི་བྱ་བ་སོང་ཙང་། ཐད་ཀར་ཁྱེད་ལ་ཞུས་པ་ཚང་མ་སེམས་པའི་ནང་གི་སྐད་ཆ་ཡིན། མཐའ་མ་ཁྱེད་རང་ལས་ལ་མེད་པ་ཤེལ་སྒོའི་ནང་གི་མོག་མོག་ཆགས་ནའི་སྐྱེས་དགོས་པའི་འགྱོད་པ་ག་གལ་མེད།