Lyrics: TONGJAH
Music: TONGJAH
Arranger: TONGJAH
བློ་བརྩེ་དེ་དྲང་མོ་ལྡན་པའི་ངེད་གཉིས་བར་ལ་བརྩེ་བ་ཟབ་མོ།
ཁྱོད་གཉིད་ལས་མ་སད་ང་ཡི་སེམས་ནང་ཡུན་རིང་བསྡད་ནས་བདེ་མོ།
ཨ་ཁ་རོག་ངས་གཏོང་ཚད།
ངའི་སེམས་པ་གྲོགས་ལ་བསམ་བློ་ཆགས།
ཁོ་ནི་ཕུང་དུང་།༼གདའ་མོད། ༽མིག་གིས་མཐོང་དུང་།༼གདའ་མོད། ༽
མི་ཁེར་མ་མི་གདའ་ལབ་ནས་སེམས་ནང་ཕུང་།
ཀི་ཁུག མི་ཁེར་མ་མི་གདའ་ལབ་ནས་ཕུང་།
ཁྱོས་ལབ་ལེ་མི་ཡི་སྲོག་དེ་རླུང་ཁྲོད་མར་མེ།
ངའི་ཕ་ཡི་ཕན་ཚུན་བརྩེ་བ་ཡོད་ན་དགེ་བ་མང་ཙམ་སྒྲུབ་ཟེེར།
དགེ་བ་དེ་ཁྱོད་ཀྱི་ལམ་སྟོན་འགྲོ་ཚད་བདེ་བའི་ཞིང་རེད་ཟེར།
ཨ་ཁོ་རེ་ད་དོན་ཤོག་ཟེར
ངས་དེ་འདྲ་བྱས་ནས་ངེད་གཉིས་མཐའ་མའི་དུས་དེར་མ་ཐུག་ང་ཡིས་བསྡད་བསྡད།
སེམས་དགའ་དུས་ཕམ་པོ་བྱུང་།
ཡིད་དྲན་དུས་ངའི་སེམས་སྡུག
ངའི་སེམས་ནང་བརྗེད་མི་དུང་༼གདའ་མོད༽་ནག་པང་ཐོག་གི་ཚེ་སྲོག་རླུང་ཁྲོད་མར་མེ།
ཚེ་སྲོག་ནི་རླུང་ཁྲོད་མར་མེ།
དེའི་སྐབས་ལ་ཁྱོད་ཀྱི་ལོང་དུང་།
ང་ཡིས་བསྡད།
ཁྱོད་དཔའ་ནི་གདའ་མོད
ཁོ་ཅི་འུ་ལེ་ཟེར།
ཕོ་རབས་རྒན་པོ་ཁྱོད་དོན་དེ་ཅི་ཡིན་ངས་ཤེས།
ག་དུས་ཡིན་ཡང་ཁ་དེ་མར་འཚུམ།
མི་འགའ་རེའི་ཁ་ངོ་ལ་ལྟོས།
གལ་སྲིད་ཚེ་སྲོག་འདི་ལ་བཀོད་པ་མེད་ན།
ཁྱོད་ཀྱི་གདོང་རིས་ང་ཡི་སེམས་ནང་ནང་ཡང་བརྗེད་མི་ཐུབ།
གལ་སྲིད་ཚེ་སྲོག་འདི་ལ་བཀོད་པ་མེད་ན།
ཁྱོད་ཀྱི་ངོ་རིས་ང་ཡི་སེམས་ནང་ནང་ཡང་བརྗེད་མི་ཐུབ།
ངའི་སེམས་ལ་ན་ཟུག་ཕོག་དུས་ཁྱོད་ཁོ་རེ་ངའི་སེམས་ནང་བརྗེད་མི་གདའ།
ངས་ཚིག་འདི་ཁ་ནས་དོན་གདའ། ཁྱོད་ཁོ་རེ་ང་ཡི་སེམས་ནང་བསྡད་དུང་།༼གདའ་མོད།༽
ངས་ཁ་མ་གྲག བསྡད་དུང་བསམ་དུང་།
ཁྱོད་ཀྱི་དོན་ལ་རྨ་གཅིག་ཆགས་དུང་།
ངའི་སྙིང་ཁའི་ནང་ལ་ངེད་གཉིས་བརྩེ་བ་དེ་ཚོ་དོར་ན་ང་མཐའ་དུང་།༼གདའ་མོད།༽
མཐུན་པ་སྤུན་བཞི་འདྲ་བོ།
ད་མེད་ནས་ལོ་ངོ་བདུན་སོང་།
ཁྱོད་གངས་རིའི་བུ་ཚ་ཡིན་པས་གངས་རིའི་བརྩེ་བ་ཁྱེར་ནས་སོང་ཨ།
ཁྱོད་ངེད་གཉིས་བྲལ་ལེ་མག་ཁོ།
མི་གཞན་དང་འདྲ་ལེ་མིན་ཁོ།
ངའི་སྤུན་ཡ་ཚེ་ལས་འདས་ཀྱང་།
ངའི་སེམས་ལ་གསོན་པོ་བསྡད་ཡོད།
ཁག་ལེ་མེད་ཁོ།
མི་ཚེ་ནི་རླུང་ཁྲོད་མར་མེའི་དཔེ་ལྟར་ཐོན་གདའ་མོད།
ངའི་སེམས་ལ་ན་ཟུག་ཁུག་ཁུག
མིག་དེ་བཙུམ་དུས་ཁྱོད་ཀྱི་ངོ་རིག
༢༠༡༧ལོ་ལ་ཁྱོད་ཁོ་ཕན་མེད་ཟོག་རོའི་ལུས་དེ་ཚར་དུང་།༼གདའ་མོད།༽
ཁྱོད་ཚར་ན་差不多དེ་ང་ཡི་ཤ་ཚའི་ནང་ལ་ཚར་དུང་།༼གདའ་མོད། ༽
ཚར་ལེ་མག་ཁོ།
ཤིང་ཟམ་དེ་ཁྱོད་ཀྱི་དོན་བསྡད།
དགེ་བ་དེ་ཁྱོད་ཀྱི་དོན་སྒྲུབ།
བརྩེ་བ་དེ་ང་ཡིས་དོར་མེད།
ཚེ་ཕྱི་མ་ས་མཐོ་པོ།
ཁྱོད་དགའ་སའི་གངས་དཀར་པོ།
ངའི་སྤུན་ཡ་ཚེ་ལས་འདས་ཀྱང་།
ངའི་སེམས་ལ་གསོན་པོ་བསྡད་ཡོད།
ཁོ།
རོལ་དབྱངས་སྒྲིག་བཟོ།: Ricky2Busii
རོལ་དབྱངས་སྒྲིག་སྦྱོར།:Cells108