阿里日土羌捏锅庄联唱

Lyrics: 阿里民间 Music: 阿里民间 阿里日土羌捏锅庄联唱 ཚིག། མངའ་རིས་རུ་ཐོག་དམངས་གཞས། 词:阿里民间 དབྱངས། མངའ་རིས་རུ་ཐོག་དམངས་གཞས། 曲:阿里民间 གཞས་པ། རུ་ཐོག་ཕུན་ཚོགས་བཀྲ་ཤིས། ། 歌手:彭措扎西&梅朗多琼 ཁྲོབས་ཤོག་ཁྲོབས་ཤོག་སྒོར་གཞས་གར་པ་ཁྲོབ་ཤོག ། རུ་ཐོག་སྒོར་གཞས་ཁྲོབ་ཤོག ། མངའ་རིས་རུ་ཐོག་བྱང་གནས་མུ་འབྲེལ་སྒོར་གཞས་གསར་པ་ཁྲོབ་ཤོག ། རུ་ཐོག་སྒོར་གཞས་ཁྲོབ་ཤོག ། གངས་མཐོ་སའི་བྲོ་ལ་ཕེབས་ཤོག་ཞུ། ། སེང་ལྕམ་དཀར་མོ་བྲོ་ལ་ཕེབས། ། གཞན་རང་གི་ཕེབས་ཤོག་ཟེར་ལེེ་མིན། ། མགོ་གཡུ་ར་ལྟེ་མོ་ལྟ་འདོད་རེད། ། རྫ་མཐོ་སེ་བྲོ་ལ་ཕེབས་ཤོག ། འབྲོང་ཆུང་བྲེ་སེར་བྲོ་ལ་ཕེབས། ། གཞན་རང་གི་ཕེབས་ཤོག་ཟེར་ལེ་མིན། ། མགོ་རྭ་རུག་ལྟེ་མོ་ལྟ་འདོད་རེད། ། སྡེ་མཐོ་སེ་བྲོ་ལ་ཕེབས་ཤོག། སྟག་ཤར་སྨན་ཆུང་བྲོ་ལ་ཕེབས། ། གཞན་རང་གི་ཕེབས་ཤོག་ཟེར་ལེ་མིན། ། ལུས་སྡེམ་འགྱུར་ལྟེ་མོ་ལྟ་འདོད་རེད། ། ཕྲ་གསུམ་བསྟོད་གླུ། ཚིག། དམངས་གཞས། དབྱངས། དམངས་གཞས། གཞས་པ། མེ་གླང་རྡོར་ཆུང་། རྒྱ་ཡང་རྩྭ་ཐང་ཆེན་མོ་རྟ་ནོར་ལུག་གི་ཕ་ས། ། མཐའ་བཞི་གངས་རི་རྫ་རི་འབྲོག་སྡེ་ཕྱུག་མོ་རྒྱན་རེད། ། མཐའ་མེད་པའི་རྩྭ་ཐང་སྟིང་ལ། ། རྟ་འདོ་བ་བརྒྱ་ཕྱུར་སྟོང་ཕྱུར། ། ཏེའུ་ཅོ་བ་གོམས་གྲོས་ཤིག་སེ། ། ཕ་ཨ་ཁུ་འབྲོག་པའི་ཅང་ཤེས་རྟ་བོ། ། རྒྱ་ཡངས་རྩྭ་ཐང་། ། རྟ་འདོ་བ་བརྒྱ་ཕྱུར། ། རྟ་བརྒྱ་འཁོར་ནས། ། རྟེའུ་ཅོ་བ་རྒྱན་བྱུང་། ། གཞུང་ན་རི་ན་དམར་སྟིང་ལ། ། ནོར་ནག་ཆུང་བརྒྱ་ཕྱུར་སྟོང་ཕྱུར། ། བེའུ་ཡ་རུ་རྩེད་ཁྲབས་ཤིག་སེ། ། ཕ་ཨ་ཁུ་འབྲོག་པའི་བྲེ་སེར་འབྲོང་འདྲ། ། ན་དམར་གཞུང་ལ། ། ནོར་ནག་ཆུང་བརྒྱ་ཕྱུར། ། འབྲི་བརྒྱ་འཁོར་ནས། ། བེའུ་ཡ་རུ་རྒྱན་ཆུང་། ། རི་སྤང་རི་སྤང་ཐང་སྟིང་ལ། ། ལུག་གཡང་དཀར་བརྒྱ་ཕྱུར་སྟོང་ཕྱུར། ། ཐོང་ཚེར་མོ་དྲ་ལོ་ཉིག་སེ། ། ཕ་ཨ་ཁུ་འབྲོག་པའི་གཡང་དཀར་ལུག་ཁྱུ། ། སྤང་རི་སྤང་ལ། ། ལུག་གཡང་དཀར་བརྒྱ་འཕྱུར། ། ལུག་བརྒྱ་འཁོར་ནས། ། ཐོང་ཚེར་མོ་རྒྱན་བྱུང་། ། སྨྱུག་མ། ཚིག། རུ་ཐོག་དམངས་གཞས། དབྱངས། རུ་ཐོག་དམངས་གཞས། གཞས་པ། རུ་ཐོག་ཕུན་ཚོགས་བཀྲ་ཤིས་དང་མེ་གླང་རྡོར་ཆུང་། སྨྱུག་མ་སྐྱེས་ས་ཅེ་དང་གང་ལ་སྐྱེས། ། སྨྱུག་མ་སྐྱེས་ས་རྩ་རི་རོང་ལ་སྐྱེས་ཡ། ། སོ་་་་་་སྨྱུག་མ་སྐྱེས་ས་གཅིག་དང་འོ། ། གང་ལ་རེད་་་་་་སྨྱུག་མ་སྐྱེས་ས་རྩ་རི་རོང་ལ་སྐྱེས། ། སོ་་་་་་སྨྱུག་མ་བཅོད་བྱེད་གཅིག་དང་འོ། ། གང་ལ་རེད་་་་་་་སྨྱུག་མ་བཅོད་བྱེད་རྒྱ་གྲི་ཁམ་མའི་བཅོད། ། སོ་་་་་་སྨྱུག་མ་སྐལ་ས་གཅིག་དང་འོ། ། གང་ལ་རེད་་་་་་སྨྱུག་མ་སྐལ་ས་ཁྱུང་དཀར་མཛོ་ལ་སྐལ། ། སོ་་་་་་་སྨྱུག་མ་སྡམས་བྱེད་གཅིག་དང་འོ། ། གང་ལ་རེད་་་་་་སྨྱུག་མ་སྡམས་བྱེ