Lyrics: 尼麦
Music: 尼麦
Arranger: MORROW
尼麦
ཉིན་དང་པོ་ཁྱོད་དང་མཇལ་བའི་དུས་སུ་ལ།
ངའི་བློ་སེམས་བྲེལ་འཚུབ་ཧ་ཅང་ཆེན་པོ་འདུག
ཉིན་དང་པོ་ཁྱོད་དང་མཇལ་བའི་རྗེས་སུ་ལ།
ངའི་བློ་སེམས་ཡོད་ཚད་ཁྱོད་རང་ཕྱོགས་སུ་འཁོར།
ཁྱོད་དཀར་གསལ་ཟླ་བ་ལ་མཚུངས་པ།
ཁྱོད་མེ་ཏོག་པད་མ་ལ་འདྲ་བ་སྟེ།ང་ཡི་སེམས་ནང
བརྗེད་ཐབས་མེད་པ་དེ་ཁྱོད་རང་གཅིག་པུ།
ཁྱོད་ཀྱི་མཛེས་པའི་མིག་ལྡོག ཡིད་དབང་འཕྲོག་བའི་དྲི་ཞིམ།
ནམ་གུང་མལ་བསྡད་ནས་ང་ཡིས་ཁྱོད་རང་དྲན་ཏེ།ང་རང་གཉིད་དཀའ།
ངེད་གཉིས་ཀ་བར་དུ་ལས་དབང་ཞིག་ཡོད་དམ།
ལྷ་དཀོན་མཆོག་གིས་ང་ལ་གཅིག་གསུང་རོགས་དང་།
青米次仁
ངས་དང་མ་ཁྱེད་དང་འཕྲད་པའི་དུས་དེ་ལ།
སེམས་ཡ་ཆུང་གཅིག་ལ་དྲོད་ཀྱི་ཟེགས་མ་བབས།
ངས་ཁྱེད་རང་སེམས་ཀྱིས་མཐོང་བའི་རྗེས་དེ་ནས།
ལས་མི་ཚེ་མཛེས་པའི་རི་མོ་ཡང་ཡང་འཁོར།
ཉིན་ཞིག་ངེད་ཁྱོད་རང་གློ་བུར་དུ་ལུས་རྩལ་ཐང
དུ་ཐུག་པའི་སྐབས་པའི་ཁྱེད་ཀྱིས་ང་ལ
མེ་ཏོག་ཚོམ་གཅིག་སྐྱེལ་བྱུང་ངོ་།
འདི་ནི་ལྟོས་མེད་ཀྱི་དགའ་སྤྲོ་ཞིག་ཡིན་ངེས།
ངེད་གཉིས་ཀ་བར་དུ་ལས་དབང་ཞིག་ཡོད་དམ།
ལྷ་དཀོན་མཆོག་གིས་ང་ལ་གཅིག་གསུང་རོགས་དང་།
尼麦
ཉིན་དང་པོ་ཁྱོད་དང་མཇལ་བའི་དུས་སུ་ལ།
ངའི་བློ་སེམས་བྲེལ་འཚུབ་ཧ་ཅང་ཆེན་པོ་འདུག
ཉིན་དང་པོ་ཁྱོད་དང་མཇལ་བའི་རྗེས་སུ་ལ།
ངའི་བློ་སེམས་ཡོད་ཚད་ཁྱོད་རང་ཕྱོགས་སུ་འཁོར།