Lyrics: 罗桑LuoSang Music: 罗桑LuoSang Arranger: 808WE5T Luo sang རི་མཐོན་པོ་སྨུག་པས་བཟུང་ནས་གར་འགྲོ་མ་ཤེས། ལམ་རིང་མོ་ཡུན་གྱིས་བཅད་རུང་ཐོན་ནོ་མ་ཤེས། དུས་ནམ་མཁའ་གཅིག་གི་འོག་ནས་ལྡིང་སྐོར་བྱེད་དུས། ཆ་མེད་པའི་གྲོང་ཁྱེར་འདི་ཡི་འཁྱག་རླུང་མ་བཟོད། 卓宝 ལོ་ཟླ་བའི་མིག་ཆུ་མཐའ་དག་མེ་རུ་སྦར་རྗེས། ཞེན་ཆགས་སུའི་མིག་ཟུང་འོག་གི་རྒྱབ་གཟུགས་ལ་བལྟས། ཁེར་རྐྱང་གི་སྨོན་འདུན་སྨོན་འདུན་བཅོལ། Luo sang ནམ་མཁའི་ཁམས་ནས་གཤོག་ཟུང་བསྐྱང་། རྩྭ་ཐང་སྟེང་ནས་དཔའ་རྩལ་ངོམ། རྫི་གླུ་སྙན་མོ་སིངས་སིངས་ལེན། བྲོ་ར་ཡག་པོ་འདི་ལ་ལྡེམ། 卓宝 ཆར་རློན་གྱི་སེམས་པ་ཞིག་བློ་ཁ་ཕྱོགས་མདུན་ལ་ལྟོས། འཇིག་རྟེན་འདིའི་གསང་བ་རེ་རེ་ལོ་རྒྱུས་ཁྲོད་ན། ཉམས་མེད་གྱི་འོད་སྟོང་ལྡན་པའི་རེ་སྒུག་ཅིག་ཡོད། ཆར་རློན་གྱི་སེམས་པ་ཞིག་བློ་ཁ་ཕྱོགས་མདུན་ལ་ལྟོས། Luo sang རི་མཐོན་པོ་སྨུག་པས་བཟུང་ནས་གར་འགྲོ་མ་ཤེས། ལམ་རིང་མོ་ཡུན་གྱིས་བཅད་རུང་ཐོན་ནོ་མ་ཤེས། དུས་ནམ་མཁའ་གཅིག་གི་འོག་ནས་ལྡིང་སྐོར་བྱེད་དུས། ཆ་མེད་པའི་གྲོང་ཁྱེར་འདི་ཡི་འཁྱག་རླུང་མ་བཟོད་། 卓宝 ལོ་ཟླ་བའི་མིག་ཆུ་མཐའ་དག་མེ་རུ་སྦར་རྗེས། ཞེན་ཆགས་སུའི་མིག་ཟུང་འོག་གི་རྒྱབ་གཟུགས་ལ་བལྟས། ཁེར་རྐྱང་གི་སྨོན་འདུན་སྨོན་འདུན་བཅོལ། ཁ་རོག་གེར་མེ་ཏོག་སྣ་མང་བཞད་སའི་དབྱར་ཟླ་ཞིག། དུས་ཚོད་ཀྱི་ཧྲག་བར་རེ་རེར། ན་ཚོད་དང་འཚམས་པའི་ལོ་ཟླ། ཆར་རློན་གྱི་སེམས་པ་ཞིག་བློ་ཁ་ཕྱོགས་མདུན་ལ་ལྟོས། འཇིག་རྟེན་འདིའི་གསང་བ་རེ་རེ་ལོ་རྒྱུས་ཁྲོད་ན། ཉམས་མེད་གྱི་འོད་སྟོང་ལྡན་པའི་རེ་སྒུག་ཅིག་ཡོད། ཆར་རློན་གྱི་སེམས་པ་ཞིག་བློ་ཁ་ཕྱོགས་མདུན་ལ་ལྟོས།