Arranger: Kiran
ཆོལ་གསུམ་བུ་མོ།
ཚིག བློ་བཟང་བཀྲ་ཤིས།
གདངས། བློ་བཟང་བཀྲ་ཤིས།
ལེན་མཁན། བློ་བཟང་བཀྲ་ཤིས།
ང་སེམས་དགའ་བའི་རྩ་ཐངམཛེས་པའི་རྩ་ཐང་དེ།
མཛེས་པའི་མེ་ཏོག་དཀར་པོ་ལྷ་སའི་བུ་མོར་འབུལ།
ཆོས་སེམས་ཅན་གྱི་བུ་མོ་ལྷ་སའི་བུ་མོ་རེད།
ཆོས་རྒྱུན་ཆད་མེད་པའི་སྨོན་ལམ་ཡང་ཡང་འདེབས།
ང་སེམས་དགའ་བའི་རྩ་ཐངམཛེས་པའི་རྩ་ཐང་དེ།
མཛེས་པའི་མེ་ཏོག་དམར་པོ་ཁམས་པའི་བུ་མོར་འབུལ།
བསོད་ནམས་ཅན་གྱི་བུ་མོ་ཁམས་པའི་བུ་མོ་རེད།
བོད་ཁ་བའི་བསོད་ནམས་རྒྱས་པའི་སྨོན་ལམ་ཡང་ཡང་འདེབས།
ང་སེམས་དགའ་བའི་རྩ་ཐངམཛེས་པའི་རྩ་ཐང་དེ།
མཛེས་པའི་མེ་ཏོག་སེར་པོ་ཨ་མདོའི་བུ་མོར་འབུལ།
རིག་གནས་ཅན་གྱི་བུ་མོ་ཨ་མདོའི་བུ་མོ་རེད།
བོད་ཁ་བའི་རིག་གནས་དར་བའི་སྨོན་ལམ་ཡང་ཡང་འདེབས།